རྒྱལ་ཡོངས་ལྕགས་ལམ་གྱིས་དབྱར་གནང་གི་ཟླ་ཐོག་མར་ཡུལ་སྐོར་འགྲུལ་སྐྱེལ་མི་ཐེངས་དུང་ཕྱུར3ལས་བརྒལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས1ཉིན་ཀྲུང་གོའི་རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཚད་ཡོད་ཀུང་སི་ནས་ཤེས་གསལ་བྱུང་བ་ལྟར་ན། ཟླ7པའི་ཚེས31ཉིན་བར། ལྕགས་ལམ་གྱི་དབྱར་གནང་གི་སྐབས་ཀྱི་འགྲུལ་སྐྱེལ་ཕྱེད་ཙམ་འགོར། ཟླ7པའི་ཚེས1ཉིན་མགོ་བརྩམས་པའི་རིང་ལ། ལྕགས་ལམ་སྡེ་ཁག་གིས་དབྱར་གནང་སྐབས་ཀྱི་འགྲུལ་སྐྱེལ་བྱ་བ་ཏན་ཏིག་གིས་སྤེལ། ཟླ7པར། རྒྱལ་ཡོངས་ལྕགས་ལམ་གྱིས་ཁྱོན་བསྡོམས་ཡུལ་སྐོར་འགྲུལ་སྐྱེལ་མི་ཐེངས་དུང་ཕྱུར3.06ཡིན་པ་དང་། དུས་མཉམ་ལས་མི་ཐེངས་ཁྲི9915འཕར་བ་དང་། འཕར་ཚད48ལ་སླེབས།

རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཀྱི་འབྲེལ་ཡོད་འགན་ཁུར་བས་བསྟན་དོན། དབྱར་གནང་འགྲུལ་སྐྱེལ་གྱི་རིང་ལ། ལྕགས་ལམ་སྡེ་ཁག་གིས་འགྲུལ་སྐྱེལ་བྱ་བ་རྩ་འཛུགས་ཞིབ་མོ་བྱས་པ་དང་། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་སོགས་ལམ་ཐིག་གསར་བ་དང་། བསྐྱར་དར་རྟགས་ཅན་གྱི་སྒུལ་འཁོར་སོགས་ཀྱི་སྒྲིག་ཆས་བེད་སྤྱད་དེ། 12306གྲངས་འཛིན་ཆེན་མོས་ཡུལ་སྐོར་མི་གྲངས་དང་སློབ་མའི་འགྲོ་འོང་སོགས་ཀྱི་ཆོས་ཉིད་ལ་དབྱེ་ཞིབ་བྱས་ནས། འགྲུལ་སྐྱེལ་བཀོད་སྒྲིག་ལ་ཤུགས་བསྣན་པ་ཡིན་ཟེར།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།