ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དཔུང་ཁག་གི་དཔུང་རྟགས་དངོས་སུ་སྤྱོད་མགོ་ཚུགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2021-07-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་སྲུང་པུའུ་ཡིས་ཟླ8པའི་ཚེས1ཉིན་ནས་བཟུང་། ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དཔུང་ཁག་གི་དཔུང་རྟགས་དངོས་སུ་སྤྱོད་མགོ་ཚུགས་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།

9999.jpg

གསར་འགོད་པས། ཤེས་རྟོགས་བྱུང་བ་ལྟར་ན། ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དཔུང་ཁག་གི་དཔུང་རྟགས་ཉེ་ཆར་དངོས་སུ་སྤྱོད་མགོ་ཚུགས་རྒྱུ་ཡིན་པས། འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་ཅིག་གནང་རོགས།

ཝུའུ་ཆན་གྱིས། ཀྲུང་དབྱང་དམག་ཨུས་ཆོག་མཆན་ཐོབ་པ་བརྒྱུད། དྲག་ཆས་ཉེན་རྟོག་དཔུང་ཁག་གི་དཔུང་རྟགས2021ལོའི་ཟླ8པའི་ཚེས1ཉིན་ནས་སྤྱོད་མགོ་ཚུགས་རྒྱུ་ཡིན་པ་རེད། 2021ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་བརྒྱད་པའི་ནང"ཀྲུང་གོའི་མི་དམངས་དྲག་ཆས་ཉེན་རྟོག་ཁག་དཔུང་གི་དར་ཆ་དང་དཔུང་རྟགས་ནི་ཀྲུང་གོའི་མི་དམངས་དྲག་ཆས་ཉེན་རྟོག་དཔུང་ཁག་གི་དཔང་རྟགས་དང་རྟགས་མཚན་ཡིན"ཞེས་གསལ་པོར་བསྟན་ཡོད་ལ། དྲག་ཆས་ཉེན་རྟོག་དཔུང་ཁག་གི་དཔུང་རྟགས་སྤྱོད་མགོ་ཚུགས་པ་ནི་དྲག་ཆས་ཉེན་རྟོག་དཔུང་ཁག་གི་དཔོན་དམག་ཚོས་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་སྒྲུབ་པར་སྔར་ལས་ལེགས་པའི་སྒོ་ནས་སྐུལ་མ་བཏང་སྟེ། ནམ་ཡང་ཏང་དང་མི་དམངས་ཀྱི་ལྷག་བསམ་རྣམ་དག་གི་སྲུང་དམག་ཅིག་བྱ་ཆེད་ཡིན།

གསར་འགོད་པས། དྲག་ཆས་ཉེན་རྟོག་དཔུང་ཁག་གི་དཔུང་རྟགས་ཀྱི་རྣམ་པ་དང་མཚོན་དོན་ངོ་སྤྲོད་ཅིག་གནང་རོགས།  

ཝུའུ་ཆན་གྱིས། དྲག་ཆས་ཉེན་རྟོག་དཔུང་ཁག་གི་དཔུང་རྟགས་ཀྱི་ལྟེ་བའི་དཔེ་རིས་ནི་རྒྱལ་རྟགས་གཙོ་བོར་བྱས་ཡོད་ལ། དེས་དྲག་ཆས་ཉེན་རྟོག་དཔུང་ཁག་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲག་ཆས་སྟོབས་ཤུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མཚོན་ལ། དྲག་ཆས་ཉེན་རྟོག་དཔུང་ཁག་གི་དར་ཆ་རྒྱབ་ལྗོངས་སུ་བྱས་ཏེ་དེས་དར་ཆ་དང་དཔུང་རྟགས་གཅིག་མཐུན་ཡིན་པ་མཚོན་པ་དང་། དྲག་ཆས་ཉེན་རྟོག་དཔུང་ཁག་ནི་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་གཅིག་བསྡུས་གཅིག་གྱུར་མགོ་ཁྲིད་བྱེད་པ་དང་། ཕུབ་དང་ལྕགས་རི་རིང་པོ་ལས་དྲག་ཆས་ཉེན་རྟོག་དཔུང་ཁག་གིས་དུས་རབས་གསར་པའི་ལས་འགན་དང་ལས་འགན་ནུས་ལྡན་ངང་སྒྲུབ་པ་མཚོན་པ་དང་། མཐར་བསྐོར་བའི་སྐྱུ་རུ་རའི་ཡལ་གས་ཞི་བདེ་དང་ཞི་འཇགས་མཚོན་པ་རེད།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།