ཀྲུང་གོ་བོད་ཀྱི་དྲ་བ།

ནན་ཅིན་གྱི་ཐེངས་འདིའི་རིམས་ནད་ཀྱི་འབྱུང་ཁུངས་རྩད་གཅོད་གསལ་བོ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-07-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས30ཉིན་གྱི་སྔ་དྲོར། ནན་ཅིང་གྲོང་ཁྱེར་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་ནས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར་ཐེངས་འདིའི་རིམས་ནད་དང་འབྲེལ་ཡོད་ཀྱི་ནད་དཔེ52ཀྱི་ནད་དུག་གཞི་རྒྱུའི་ཚད་འཇལ་གོ་རིམ་ལས་དོན་ལེགས་འགྲུབ་བྱུང་ཟིན་པ་ལས། ནད་དུག་ཚང་མ་ཏེའར་ཐ་ནད་དུག་ཡིན་པ་དང་ནད་དུག་གཞི་རྒྱུའི་ཚོགས་པའི་སྒྲིག་གཞིའི་གོ་རིམ་ཚད་མཐོའི་ངང་གཅིག་མཚུངས་ཡིན་ལ། ཁྱབ་སྤེལ་ཕྲེང་བ་གཅིག་མཚུངས་ཡིན་པར་དྲན་སྐུལ་བྱས། 

ཐེངས་འདིའི་རིམས་ནད་ཀྱི་གནས་ཚུལ་ལས་དེ་སྔོན་གྱི་གསལ་བསྒྲགས་སྙན་ཞུ་བྱས་པའི་གནམ་གྲུའི་གཙང་སྦྲའི་ལས་བཟོ་བ་ལ་ཕོག་པའི་ནད་དུག་གི་སྒྲིག་གཞིའི་གོ་རིམ་དང་། ཟླ7པའི་ཚེས10ཉིན་ཨུ་རུ་སུ་རྒྱལ་ཁོངས་ཀྱི་གནམ་གྲུ་ཨང་རྟགསCA910ཡིས་སྙན་ཞུ་ཞུས་པའི་ནང་འཇུག་ནད་དཔེ1གི་གཞི་རྒྱུའི་གོ་རིམ་གཅིག་མཚུངས་ཡིན།

བརྟག་དཔྱད་བྱས་པ་བརྒྱུད། གཙང་སྦྲའི་ལས་བཟོ་བ་དེ་དག་གནམ་གྲུ་ཨང་རྟགསCA910ཡི་གཙང་སྦྲའི་བྱ་བའི་ནང་ཞུགས་པ་དང་ལས་ཀ་མཇུག་སྒྲིལ་རྗེས་འགོག་སྲུང་གཙང་འཁྲུད་གྱོན་ཆས་ཚད་ལྡན་སྒོས་མ་ཕུད་པའི་རྐྱེན་གྱིས་གཙང་སྦྲ་བྱེད་མཁན་རེ་འགར་འགོས་ནད་ཕོག་པའི་སྲིད་ཕྱོད་ཆེ་ལ། རིམ་བཞིན་ནད་དུག་དེ་གཙང་སྦྲ་བྱེད་མཁན་ལས་མིའི་བར་ཁྱབ་པ་དང་། ཀུང་སི་དེའི་གཙང་སྦྲའི་ལས་བཟོ་བས་དུས་མཚུངས་སུ་རྒྱལ་སྤྱི་དང་རྒྱལ་ནང་གི་དུས་གཏན་གནམ་གྲུའི་གད་སྙིགས་དབོར་སྐྱེལ་གྱི་འགན་ཁུར་ཡོད་པར་མ་ཟད། གནམ་གྲུ་ཐང་གི་ལས་དོན་མི་སྣ་གཞན་དག་གཙང་སྦྲ་བ་དང་འབྲེལ་འདྲིས་བྱས་པ་དང་ཡང་ན། སྦགས་བཙོག་ཕོག་པའི་ཁོར་ཡུག་གྱིས་འགོས་ནད་ཕོག་པ་ཤེས་རྟོགས་བྱུང་།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།