ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་ཨུ་ཡོན་ནམ་སྤྱི་བདེ་པུའུ་ཡི་པུའུ་ཀྲང་ཀྲའོ་ཁའོ་ཀྲི་ཡིས་ཚེས29ཉིན་པེ་ཅིང་དུ་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ཁྲིམས་ལུགས་སྲིད་འཛིན་སི་ཡི་སི་ཀྲང་ཀྲིན་རའོ་ཧྭ་ལ་མཇལ་འཕྲད་གནང་།
ཀྲའོ་ཁའོ་ཀྲི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱིས་ཁྱོན་ཡོངས་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ཁ་ཕྱོགས་ཡང་དག་སྒོས་ལག་བསྟར་བྱེད་པ་དང་། ཞང་ཀང་དང་ཨོ་མིན་གྱིས་དུས་ཡུན་རིང་བོའི་ཡར་རྒྱས་གཏན་འཇགས་ལ་མདུན་བསྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཀྲུང་དབྱང་གིས་དམིགས་བསལ་སྲིད་འཛིན་ས་ཁུལ་ལ་ཁྱོན་ཡོངས་ནས་དོ་དམ་བཅོས་སྐྱོང་བྱེད་པའི་དབང་ཆ་དོན་འཁྱོལ་དང་། དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་སྒྲིག་སྲོལ་དང་ལག་བསྟར་སྒྲིག་གཞི་སྲུང་སྐྱོང་བྱས་ཚེ། ད་གཟོད“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་གཏན་འཇགས་ཡོང་བར་ཁག་ཐེག་བྱེད་ཐུབ། རེ་བར་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ཁྲིམས་ལུགས་སྲིད་འཛིན་སི་ཡིས་འགན་ནུས་དང་བྱེད་ནུས་འདོན་སྤེལ་བྱས་ཏེ། ཁྲིམས་ལྟར་འགན་ནུས་ལག་བསྟར་གྱིིས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་བདེ་འཇགས་དང་རང་བདག་དབང་ཆ། འཕེལ་རྒྱས་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱས་ནས། ཞང་ཀང་སྤྱི་ཚོགས་སྤྱི་ཡོངས་གཏན་འཇགས་ཡོང་བར་སྲུང་སྐྱོང་བྱེད་དགོས་ཞེས་བསྟན།
ཀྲིན་རའོ་ཧྭ་ཡིས་བསྟན་དོན། ཧུར་ཐག་གིས་འབྲེལ་ཡོད་བྱ་བར་སྐུལ་འདེད་བཏང་ནས། ཞང་ཀང་ཁྲིམས་སྐྱོང་དང་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོང་བྱེད་རྒྱུའི་འདོད་ཚུལ་བསྟན། །