ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་ལྔ་བའི་ཀྲུང་གོ་པར་སྐྲུན་སྲིད་གཞུང་བྱ་དགའི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་བསྡུས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-07-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་ཚེས29ཉིན་པེ་ཅིང་དུ་སྐབས་ལྔ་བའི་ཀྲུང་གོ་པར་སྐྲུན་སྲིད་གཞུང་བྱ་དགའི་གཟེངས་བསྟོད་ཚོགས་ཆེན་བསྡུས་པ་དང་། སྐབས་ལྔ་བའི་ཀྲུང་གོ་པར་སྐྲུན་སྲིད་གཞུང་བྱ་དགའི་མཚན་སྙན་བྱ་དགའ་དང་དཔེ་དེབ་བྱ་དགའ། དུས་དེབ་བྱ་དགའ། སྒྲ་གཟུགས་ཐོན་རྫས་དང་གློག་རྡུལ་པར་སྐྲུན། དྲ་རྒྱའི་པར་སྐྲུན་ཐོན་རྫས་བྱ་དགའ། པར་འདེབས་འདྲ་བཤུ་བྱ་དགའ། སྒྲིག་བཟོ་ཇུས་འགོད་བྱ་དགའ་བཅས་ཐོབ་པའི་པར་སྐྲུན་དངོས་པོ་རིགས123དང་སྔོན་ཐོན་པར་སྐྲུན་ལས་ཁུངས50། ཕུལ་བྱུང་པར་སྐྲུན་མི་སྣ69བཅས་ལ་གཟེངས་བསྟོད་གནང་།

ཚོགས་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་པར་སྐྲུན་བྱ་བ་ཐད་ཀྱི་མཛུབ་སྟོན་ཆོག་མཆན་གྱི་དགོངས་དོན་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་ཏེ། པར་སྐྲུན་འཐབ་ཕྱོགས་ཀྱིས་ནམ་ཡང་བསམ་བློའི་དར་ཆ་མཐོན་པོར་བསྒྲེངས་ནས་ཞི་ཅིན་ཕིིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དྲིལ་སྒྲོག་དང་འགྲེལ་བཤད་ཡག་པོ་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས། ལོ་བརྒྱའི་འབད་འབབ་དམིགས་འབེན་གཉིས་པ་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས། མུ་མཐུད་དུ་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་བརྗོད་དོན་གཙོ་བོའི་པར་སྐྲུན་ལ་དམ་འཛིན་བྱས་ཏེ། ཤུགས་ཆེན་པོས་རླབས་ཆེ་བའི་ཏང་འཛུགས་ཀྱི་སྙིང་སྟོབས་དར་སྤེལ་དང་། རྒྱང་སྐྱོད་གསར་བ་མགོ་རྩོམ་པའི་བརྗོད་དོན་གཙོ་བོ་དྲིལ་བསྒྲགས་ཡག་པོ་བྱེད་དགོས། རྒྱུན་གནས་སྙིང་སྟོབས་ཀྱིས་རྒྱུན་གནས་བརྩམས་ཆོས་གསར་རྩོམ་བྱས་ཏེ། ལྷག་བསམ་ཟོལ་མེད་ཀྱིས་མི་དམངས་ལ་དཔེ་དེབ་ཡག་པོ་པར་སྐྲུན་བྱེད་པ་དང་། ཕུལ་བྱུང་གི་འཇོན་མིའི་དཔུང་སྡེ་བཙུགས་ཏེ་པར་སྐྲུན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རིག་གནས་སྟོབས་ལྡན་རྒྱལ་ཁབ་དང་པར་སྐྲུན་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་བྱས་རྗེས་འཇོག་དགོས་པར་ནན་གྱིས་བསྟན།

ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་འབྲེལ་ཡོད་འགན་འཁུར་མི་སྣ་ཚོགས་ཆེན་ལ་ཞུགས་པ་མ་ཟད་གཏམ་བཤད་གནང་། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)སོ་སོའི་དྲིལ་སྒྲོག་པུའུ་དང་འབྲེལ་ཡོད་གཙོ་གཉེར་ལས་ཁུངས་ཀྱི་འགན་འཁུར་མི་སྣ། སྐབས་ལྔ་བའི་ཀྲུང་གོ་པར་སྐྲུན་སྲིད་གཞུང་བྱ་དགའ་ཐོབ་པའི་འཐུབ་ཚབ་པ་སོགས་ཚོགས་འདུར་ཞུགས། ། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།