ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་རྒྱལ་ཡོངས་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཚོགས་ཆེན་སྐབས་དང་པོར་མཆན་བཀོད་མཛུབ་སྟོན་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-07-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལི་ཁེ་ཆང་གིས་རྒྱལ་ཡོངས་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཚོགས་ཆེན་སྐབས་དང་པོར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས་

མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་སྔར་ལས་ལྷག་པའི་སྒོ་ནས་ལས་ཞུགས་རྒྱ་བསྐྱེད་དང་དང་མི་ཤུགས་ཐོན་ཁུངས་བཀོད་སྒྲིག་ལེགས་གཏོང་བྱ་དགོས་ཞེས་བསྟན། 

ཧུའུ་ཁྲུན་ཧྭ་ཡིས་བརྙན་ལམ་ནས་ཤིས་ཚིག་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས28ནས29ཉིན་བར། རྒྱལ་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཚོགས་ཆེན་སྐབས་དང་པོ་ཁྲུང་ཆིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ཁྲོད་བསྟན་དོན། མི་ཤུགས་ཐོན་ཁུངས་ཞབས་ཞུ་འཕེལ་རྒྱས་ལ་སྤྱི་ཚོགས་ཅན་གྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། རང་རྒྱལ་གྱི་མི་ཤུགས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་དོན་སྙིང་གལ་ཆེན་ལྡན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཤིང་། ལས་ཞུགས་སྔོན་འགྲོའི་འཐབ་ཇུས་དང་ཤེས་ལྡན་མི་སྣས་རྒྱལ་ཁབ་སྟོབས་ཆེན་དུ་གཏོང་བའི་འཐབ་ཇུས་དང་གྲོང་གསེབ་དར་སྤེལ་འཐབ་ཇུས་བཅས་ལག་བསྟར་བྱ་རྒྱུ་ཁྲིད་སྟོན་དུ་བྱས་ཏེ། མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས། ངལ་རྩོལ་ནུས་ཤུགས་ཁྲོམ་ར་དང་ཤེས་ལྡན་མི་སྣའི་ཁྲོམ་ར། ཉིན་གླའི་ཁྲོམ་ར་བཅས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ལས་ཞུགས་རྒྱ་བསྐྱེད་དང་མི་ཤུགས་ཐོན་ཁུངས་བཀོད་སྒྲིག་ལེགས་གཏོང་དང་། ངལ་རྩོལ་པ་དུང་ཕྱུར་མང་པོ་དང་རིགས་སོ་སོའི་ཤེས་ལྡན་མི་སྣའི་ལས་གཏོད་གསར་གཏོད་ཀྱི་གསོན་ཤུགས་ཆེ་རུ་བཏང་ནས། སྒུལ་ནུས་གསར་བ་འཚར་ལོངས་ལ་སྐུལ་ཁྲིད་བྱས་ཏེ་རང་རྒྱལ་གྱི་དཔལ་འབྱོར་གྱི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་། རྒྱུན་མཐུད་ངང་དམངས་འཚོ་ལེགས་བསྒྱུར། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་བརྙན་ལམ་ནས་ཤིས་ཚིག་ཕུལ། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་དང་ཙུང་ལི་ལི་ཁེ་ཆང་གི་ཆོག་མཆན་གྱི་བླང་བྱ་དོན་འཁྱོལ་བྱས་ཏེ། མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་ལས་དོན་ཏན་ཏིག་ངང་བསྒྲུབས་ནས་ལས་ཞུགས་ཀྱི་སྤྱི་ཡོངས་བརྟན་བརླིང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་གསར་བ་འཇོག་དགོས། 

ཧུའུ་ཁྲུན་ཧྭ་ཡིས་བསྟན་དོན། ཉེ་བའི་ལོ་འགའི་རིང་། རང་རྒྱལ་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་ཐོབ་ནས། ལས་ཞུགས་ཀྱི་སྤྱིའི་བརྟན་བརླིང་ལ་སྐུལ་ལྕག་ནུས་ལྡན་ཐེབས་པ་དང་། ཞབས་ཞུའི་ནང་དོན་དང་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཞིང་། ལས་རིགས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ལ་སྲིད་ཇུས་ཀྱི་མ་ལག་རིམ་བཞིན་འཐུས་ཚང་དུ་སོང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་བར་གཞི་ཚུགས་ཤིང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་ལ་བླང་བྱ་སྔར་ལས་མཐོ་བ་བཏོན་ཡོད་ལ། སྔར་ལས་ཡངས་པའི་གར་སྟེགས་ཀྱང་མཁོ་འདོན་བྱས་ཡོད། ལས་ཞུགས་ལ་སྐུལ་འདེད་གཏོང་བ་རྩ་བར་བཟུང་ནས་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་འཆར་འགོད་བྱེད་དགོས་ལ། ལས་ཞུགས་ལ་ཞབས་འདེགས་ཞུ་བའི་གཞི་ཁྱོན་དང་སྤུས་ཚད་དེ་ལས་རིགས་འཕེལ་རྒྱས་ཀྱི་ཕན་འབྲས་ཀྱི་ཚད་གཞི་དང་པོར་བརྩི་དགོས། ལས་ཞུགས་གནས་བབ་ཀྱི་འགྱུར་ལྡོག་དང་བསྟུན་ནས་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་སྒྱུར་བཅོས་དང་གསར་གཏོད་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ་དང་། ངལ་རྩོལ་པའི་རྩལ་ནུས་དང་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ལ། ངལ་རྩོལ་ནུས་ཤུགས་འཁོར་རྒྱུག་ཐོགས་མེད་དང་བཀོད་སྒྲིག་ལེགས་གཏོང་ལ་སྐུལ་འདེད་བཏང་ནས་གྲུབ་ཆའི་རང་བཞིན་གྱི་ལས་ཞུགས་འགལ་བ་ནུས་ལྡན་ངང་ཞི་ལྷོད་དུ་གཏོང་དགོས། མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་སྟོབས་ཤུགས་སྐྱེད་སྲིང་ཧུར་ཐག་བྱས་ཏེ་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་སྒྲིག་གཞི་ཁག་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱས་ནས་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། ནུས་ཤུགས་ཡོད་རྒུས་ཚད་གཞི་མཐོ་བའི་མི་ཤུགས་ཐོན་ཁུངས་ཁྲོམ་རའི་མ་ལག་བསྐྲུན་ནས། རིམ་པ་མང་བ་དང་སྣ་མང་ཅན་གྱི་མི་ཤུགས་ཐོན་ཁུངས་ཁྲོམ་རའི་རྣམ་པ་ཞིག་མགྱོགས་མྱུར་ཆགས་སུ་བཅུག་སྟེ་ཁྲོམ་རའི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ངལ་རྩོལ་པའི་སྤྱི་ཚོགས་འགན་སྲུང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ཅིང་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ནུས་ལྡན་བྱས་ཏེ་ལས་ཞུགས་ཀྱི་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།