《ཞི་ཅིན་ཕིང་ཧྥུའུ་ཅན་དུ་བཞུགས་སྐབས》ཞེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་འདུག

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར།《ཞི་ཅིན་ཕིང་ཧྥུའུ་ཅན་དུ་བཞུགས་སྐབས》ཞེས་པའི་དེབ་དེ་ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།

1985ལོའི་ཟླ6པ་ནས2002ལོའི་ཟླ10པའི་བར་བློ་མཐུན་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དུ་ཕྱག་ལས་གནང་ནས་ལོ17ལྷག་སོང་རིང་། སྔ་རྗེས་སུ་ཞ་མིན་གྲོང་ཁྱེར་དང་ཉིང་ཏེ་ས་ཁུལ། ཧྥུ་ཀྲོའུ་གྲོང་ཁྱེར། ཧྥུའུ་ཅན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ལས་གནས་གལ་ཆེན་ཁག་ཏུ་མགོ་ཁྲིད་ཀྱི་ལས་འགན་ཁུར་མྱོང་། བཅར་འདྲི་དངོས་བཤུས་ཀྱི《ཞི་ཅིན་ཕིང་ཧྥུའུ་ཅན་དུ་བཞུགས་སྐབས》ཞེས་པའི་དེབ་འདིས་བློ་མཐུན་ཞི་ཅིན་ཕིང་གིས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་གི་འགན་ཁུར་རིང་གི་བྱ་བའི་ཉམས་མྱོང་གཙོར་བྱས་ནས་ཁོང་གིས་ཞིང་ཆེན་ཁོངས་གཏོགས་སུ་མགོ་ཁྲིད་ཀྱི་བྱ་བཞག་སྤེལ་པའི་གནས་ཚུལ་དངོས་མཚོན། 

ཧྥུའུ་ཅན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་དུ་བྱ་བ་སྒྲུབ་སྐབས། བློ་མཐུན་ཞི་ཅིན་ཕིང་གིས“སྐྱེ་ཁམས་ཧྥུའུ་ཅན”འཛུགས་སྐྲུན་བྱ་རྒྱུ་བཏོན་ནས། སྐུ་དངོས་ཀྱིས་ཐུན་མོང་ནགས་དབང་ལམ་ལུགས་བསྒྱུར་བཅོས་དང་ཁྲང་ཐིང་གི་ས་ཆུ་ཤོར་བའི་བཅོས་སྐྱོང་ལ་སྐུལ་འདེད་བཏང་བ་རེད། “གྲངས་འཛིན་ཧྥུ་ཅན་”འཛུགས་སྐྲུན་བྱ་རྒྱུ་བཏོན་ཅིང་ལག་བསྟར་བྱས་ནས། ཆ་འཕྲིན་ཅན་གྱི་འཐབ་ཇུས་ཀྱི་བཙན་ས་བཟུང་། ལོ་དྲུག་རིང་ཐེངས་བདུན་ལ་ཅིན་ཅང་ལ་ཕེབས་ཏེ“ཅིན་ཅང་གི་ཉམས་མྱོང”ལ་བརྟག་ཞིབ་ཕྱོགས་བསྡོམས་བྱས་ནས། རྫོང་ཁོངས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་། ཞིང་ཆེན་རིམ་པའི་ལས་ཁུངས་ཀྱི་ཕན་ནུས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་ཏང་ཡོན་དང་ལས་བྱེད་པར་སྲིད་གཞུང་མདུན་གྱི“མི་དམངས”ཞེས་པའི་ཡིག་འབྲུ་གཉིས་ཡིད་ལ་དམ་པོར་འཛིན་དགོས་པའི་སློབ་གསོ་བཏང་ཞིང་། རྒྱལ་ཡོངས་སུ་ཐོག་མར་ཞབས་ཞུ་ཅན་གྱི་སྲིད་གཞུང་འཛུགས་སྐྱོང་བྱེད་པར་སྐུལ་འདེད་བཏང་བ་དང་། ཞིང་ཆེན་ཡོངས་སུ་རྫོང་རིམ་པའི་སྲིད་དོན་ཡོངས་བསྒྲགས་ཁྱབ་སྤེལ་བཏང་། མི་དམངས་ཀྱི་བདེ་ཐང་ཨང་དང་པོར་འཇོག་དགོས་པའི་ནན་བཤད་བྱས་ཏེ། “གསོལ་ལྕོག་ཐོག་གི་སྦག་བཙོག”བཅོས་སྒྲིག་དམ་འཛིན་བྱ་གཞིར་བྱས་ནས་ཞིང་ནང་ནས་གསོལ་ལྕོག་བར་གྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་པའི་མ་ལག་འཛུགས་རྒྱུར་སྐུལ་འདེད་བཏང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས། ཧྥུའུ་ཅན་ནས་ཐའེ་ཝན་བར་གྱི་ཐད་འཕུར་གནམ་གྲུར་སྐུལ་འདེད་ཧུར་ཐག་བཏང་བ་དང་། ཧྥུའུ་ཅན་དང་ཐའེ་ཝན་བར་གྱི་འབྲེལ་འདྲིས་སྣ་ཚོགས་རྒྱ་བསྐྱེད་དེ་མཚོ་འགག་ངོགས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རིག་གནས་ཀྱི་འབྲེལ་འདྲིས་ལ་དགེ་མཚན་ལྡན་པའི་འགྱུར་ལྡོག་ཆེན་པོ་བཏང་། ལས་དོན་འདི་དག་ལ་སྔ་བལྟས་ཕྱི་བསམ་རང་བཞིན་དང་གསར་གཏོད་རང་བཞིན་ལྡན་པས། བློ་མཐུན་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་པ་དང་ཧྥུའུ་ཅན་ཞིང་ཆེན་གྱི་གནས་ཚུལ་ལ་ཚན་རིག་དང་མཐུན་པའི་དམ་འཛིན་བྱས་པ་དང་། ཧྥུའུ་ཅན་གྱི་ས་གཞི་ཆེན་མོའི་བསྒྱུར་བཅོས་འཕེལ་རྒྱས་ཀྱི་དར་སྲོལ་སྔོན་དུ་བསྐྱོད་པ་དང་དུས་རབས་ཀྱི་མདུན་གྲལ་དུ་སླེབས་པར་སྐུལ་འདེད་ནུས་ལྡན་བཏང་།

《ཞི་ཅིན་ཕིང་ཧྥུའུ་ཅན་དུ་བཞུགས་སྐབས》ཞེས་པར་ཁྱོན་རྩོམ་ཡིག35ཡོད་ཅིང་། དེ་དག་གིས་བློ་མཐུན་ཞི་ཅིན་ཕིང་ཧྥུའུ་ཅན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་དུ་བྱ་བ་བསྒྲུབ་རིང་བློ་གཤོགས་ཆེན་པོས་ཇུས་འགོད་ཞིབ་ཚགས་དང་འགྲན་མེད་གསར་གཏོད་བྱས་པའི་མགོ་ཁྲིད་ཀྱི་ཉམས་འགྱུར་སླར་མཚོན་བྱས་ཡོད་ལ། ཁོང་གི་སྔོན་འགྲོ་སྣེ་ཁྲིད་དང་། མིག་དཔེ་གསལ་སྟོན། འགན་ཁུར་ཕོད་པ་བཅས་ཀྱི་བྱ་བའི་སྤྱོད་ཚུལ་མངོན་ཞིང་། ཁོང་གིས་གཞི་རིམ་དང་མང་ཚོགས། དམངས་འཚོ་བཅས་ལ་བཅངས་པའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་ཀྱང་མཚོན་ཡོད། དེབ་འདིའི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཡོད་ལ། མགོ་ཁྲིད་ལས་བྱེད་པའི་མགོ་ཁྲིད་ནུས་པ་དང་མགོ་ཁྲིད་ཆུ་ཚད་མཐོ་འདེགས་སུ་གཏོང་བར་བསླབ་གཞི་གསོན་ཉམས་ལྡན་པ་ཞིག་མཁོ་འདོན་བྱས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།