ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་དུས་བགོས་གློག་རིན་སྒྲིག་སྲོལ་སྔར་ལས་འཐུས་ཚང་དུ་བཏང་།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-07-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཚེས29ཉིན་བསྒྲགས་པ་ལྟར་ན། སྔར་ལས་ལྷག་པའི་སྒོ་ནས་དུས་བགོས་གློག་རིན་བརྡ་རྟགས་བྱེད་ནུས་འདོན་སྤེལ་བྱེད་པ་དང་། ནུས་ཁུངས་གསར་བ་གཙོ་བྱས་པའི་རྣམ་པ་གསར་བའི་གློག་ཤུགས་མ་ལག་འཛུགས་སྐྲུན་ལ་ཞབས་འདེགས་ཞུས་ནས་གློག་ཤུགས་མ་ལག་གི་སྤྱིའི་བེད་སྤྱོད་བྱེད་ཚད་མཐོར་འདེགས་སུ་གཏོང་ཆེད། ས་གནས་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་དུས་བགོས་གློག་རིན་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བར་བཀོད་སྒྲིག་བྱས།

སྔར་ལས་ལྷག་པའི་སྒོ་ནས་དུས་བགོས་གློག་རིན་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བརྡ་སྦྱོར་ལས། ས་གནས་སོ་སོས་ས་གནས་ཀྱི་གནས་ཚུལ་དང་ཟུང་འབྲེལ་སྒོས། གློག་རིན་མཐོ་དམན་གྱི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཚན་རིག་སྒོས་གློག་རིན་མཐོ་དམན་གྱི་དུས་མཚམས་དབྱེ་བགོས་དང་། ལུགས་མཐུན་སྒོས་གློག་རིན་མཐོ་དམན་གྱི་བར་ཁྱད་གཏན་འཁེལ་བྱས་ཏེ། མ་ལག་གི་མཐོ་དམན་བར་ཁྱད་དེ40ལས་བརྒལ་བའི་ས་ཆར། གློག་རིན་མཐོ་དམན་གྱི་བར་ཁྱད་རྩ་དོན་སྟེང4:1ལས་མི་དམའ་བ་བྱེད་དགོས་པ་དང་། ས་གནས་གཞན་དག་དུ་རྩ་དོན་སྟེང3:1ལས་མི་དམའ་བར་བྱེད་དགོས།

གློག་ནུས་གཞི་ཁྱོན་ཆེན་པོས་གསོག་ཉར་བྱེད་ཐབས་མེད་པ་དང་། ཐོན་སྐྱེད་དང་འཛད་སྤྱོད་གཉིས་དོ་མཉམ་ཡིན་དགོས་པས། གློག་བེད་སྤྱོད་ཀྱི་དུས་མཚམས་སུ་སྤྱད་པའི་གློག་ཤུགས་ཐོན་ཁུངས་ཀྱི་ཚད་ཡང་མི་འདྲ་ཞིང་། གློག་མཁོ་འདོན་གྱི་མ་རྩའི་བར་ཁྱད་ཆེ་བ་རེད། དུས་བགོས་གློག་རིན་སྒྲིག་སྲོལ་ནི་གློག་ཤུགས་འཛད་སྤྱོད་པའི་རྩེ་ཕབ་དམའ་བསུབ་ལ་སྣེ་ཁྲིད་དང་། གློག་ཤུགས་མ་ལག་བདེ་འཇགས་ངང་གྲོན་ཆུང་སྒོས་འཁོར་རྒྱུག་ལ་འགན་སྲུང་བྱེད་པའི་སྒྲིག་སྲོལ་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་རེད།།

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།