ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་གཙོ་སྐྱོང་མཛད་དེ་
ཀྲུང་དབྱང་ནོར་སྲིད་ཀྱི་ཚན་ཞིབ་འགྲོ་གྲོན་དོ་དམ་སྒྱུར་བཅོས་དང་འཐུས་ཚང་དུ་གཏོང་རྒྱུ་བཀོད་སྒྲིག་བྱས་ནས་ཚན་ཞིབ་མི་སྣར་གྲོན་དངུལ་དོ་དམ་གྱི་རང་བདག་དབང་ཆ་སྔར་བས་ཆེ་བ་སྤྲད་པ་དང་།
གསོན་ཕག་གི་ཐོན་ནུས་བརྟན་བརླིང་བྱ་ཐབས་གཏན་འཁེལ་བྱས་ནས་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་བརླིང་ཡོང་བར་སྐུལ་མ་བཏང་སྟེ་ཕག་ཤའི་བདེ་འཇགས་མཁོ་སྤྲོད་འགན་ལེན་བྱེད་ནུས་ཆེ་རུ་བཏང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་གཙོ་སྐྱོང་མཛད་དེ་ཀྲུང་དབྱང་ནོར་སྲིད་ཀྱི་ཚན་ཞིབ་འགྲོ་གྲོན་དོ་དམ་སྒྱུར་བཅོས་དང་འཐུས་ཚང་དུ་གཏོང་རྒྱུ་བཀོད་སྒྲིག་བྱས་ནས་ཚན་ཞིབ་མི་སྣར་གྲོན་དངུལ་དོ་དམ་གྱི་རང་བདག་དབང་ཆ་སྔར་བས་ཆེ་བ་སྤྲད་པ་དང་། གསོན་ཕག་གི་ཐོན་ནུས་བརྟན་བརླིང་བྱ་ཐབས་གཏན་འཁེལ་བྱས་ནས་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་བརླིང་ཡོང་བར་སྐུལ་མ་བཏང་སྟེ་ཕག་ཤའི་བདེ་འཇགས་མཁོ་སྤྲོད་འགན་ལེན་བྱེད་ནུས་ཆེ་རུ་བཏང་།
ཚོགས་འདུས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་གཏིང་ཟབ་དང་། རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་ཁྲོད་ཀྱི་གསར་གཏོད་ཀྱི་ལྟེ་བའི་གནས་བབ་མཐའ་འཁྱོངས་བྱེད་དགོས་ལ། ཚན་ཞིབ་མི་སྣས་དོ་ཁུར་འབུར་ཐོན་ལ་དམིགས་ཏེ་ཚན་ཞིབ་ཀྱི་ཆོས་ཉིད་དང་མི་མཐུན་པའི་གྲོན་དངུལ་དོ་དམ་གྱི་གཏན་འབེབས་མེད་པར་བཟོས་ནས་ཚན་ཞིབ་མི་སྣས་བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་འཇུག་བྱ་རྒྱུར་སྐུལ་ལྕག་གཏོང་དགོས། ཚོགས་འདུས་ཀྲུང་དབྱང་ནོར་སྲིད་ཀྱི་ཚན་ཞིབ་འགྲོ་གྲོན་དོ་དམ་སྒྱུར་བཅོས་དང་འཐུས་ཚང་དུ་གཏོང་བའི་བྱེད་ཐབས་གཏན་འཁེལ་བྱས།
གཅིག སྔོན་རྩིས་བཟོ་སྟངས་སྟབས་བདེར་བཏང་སྟེ་སྔོན་རྩིས་ཀྱི་རྣམ་གྲངས9ཡན་ནས3བར་ཉུང་བསྡུ་བྱ་རྒྱུ་རེད། སྒྲིག་ཆས་ཀྱི་གྲོན་དངུལ་སོགས་སྔོན་རྩིས་ཀྱི་སྙོམ་སྒྲིག་དབང་ཆ་ཡོངས་རྫོགས་རྣམ་གྲངས་ཀྱི་འགན་ཁུར་ལས་ཁུངས་ལ་སྤྲོད་དགོས། རྨང་གཞིའི་ཞིབ་འཇུག་རིགས་དང་ཤེས་ལྡན་མི་སྣའི་རིགས་ཀྱི་རྣམ་གྲངས་ལ་གྲོན་དངུལ་གཙང་ལེན་གྱི་ལམ་ལུགས་ཁྱབ་སྤེལ་གཏོང་དགོས།
གཉིས། ཚན་ཞིབ་མི་སྣར་ལྕག་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ་དང་ཚན་ཞིབ་རྣམ་གྲངས་ཀྱི་བར་བརྒྱུད་འགྲོ་གྲོན་གྱི་བསྡུར་ཚད་མཐོ་རུ་བཏང་ནས་ཚན་ཞིབ་རྣམ་གྲངས་གྲོན་དངུལ་ཁྲོད“མི”ལ་སྤྱོད་པའི་གྲོན་དངུལ50%ཡན་ཟིན་དགོས། རྩིས་རིག་སོགས་རིག་གཞུང་ཁེར་གཙང་གི་རྨང་གཞིའི་ཞིབ་འཇུག་རྣམ་གྲངས་ཀྱི་གཞན་བརྒྱུད་གྲོན་དངུལ་གྱི་བསྡུར་ཚད60%བར་མཐོ་རུ་བཏང་ཆོག ཚན་རིག་ཞིབ་འཇུག་སྡེ་ཁག་གིས་གཞན་བརྒྱུད་ཀྱི་འགྲོ་གྲོན་ཡོངས་རྫོགས་ལས་ཆོད་ཀྱི་གཏོང་སྒོའི་ཐད་ལ་སྤྱད་ཆོག ངལ་ལས་གྲོན་དངུལ་གྱི་གཏོང་སྒོའི་ཁྱབ་རྒྱ་ཆེ་རུ་བཏང་སྟེ། སྡེ་ཁག་གིས་འཇལ་བའི་རྣམ་གྲངས་གདན་ཞུའི་མི་སྣའི་སྤྱི་ཚོགས་འགན་བཅོལ་ཁ་གསབ་དང་སྡོད་ཁང་སྤྱི་གསོག་མ་དངུལ་སོགས་ངལ་ལས་གྲོན་དངུལ་གྱི་ཁོངས་སུ་འཇུག་དགོས། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་ཤོག་སྒོར་བྱ་དགའ་གནས་སའི་སྡེ་ཁག་གི་ལས་ཆོད་གླ་ཕོགས་བསྡོམས་འབོར་གྱི་ཚོད་འཛིན་མི་ཐེབས་ལ། ལོ་རྗེས་མའི་ལས་ཆོད་གླ་ཕོགས་ཀྱི་གཞི་གྲངས་ལ་བཤེར་སྤྲོད་བྱེད་མི་རུང་།
གསུམ། རྣམ་གྲངས་ཀྱི་གྲོན་དངུལ་གཏོང་སྤྲོད་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས་རྣམ་གྲངས་ཀྱི་འགན་འཁྲིའི་གན་རྒྱ་བཞག་རྗེས་ཀྱི་ཉིན30ནང་ཚུན་དུ་གྲོན་དངུལ་དེ་འགན་ཁུར་སྡེ་ཁག་ལ་སྤྲོད་དགོས། རྣམ་གྲངས་ལེགས་གྲུབ་བྱུང་རྗེས་མ་དངུལ་ལྷག་འཕྲོ་དེ་འགན་ཁུར་སྡེ་ཁག་གིས་བེད་སྤྱོད་གཏོང་རྒྱུར་བཞག་ནས་ཚན་ཞིབ་ཀྱི་ཐད་ཀའི་གཏོང་སྒོར་སྤྱད་ཆོག ཚན་རིག་ཞིབ་འཇུག་གི་འགྲོ་གྲོན་ནས་བཏང་བའི་རྒྱལ་སྤྱིའི་མཉམ་ལས་དང་འབྲེལ་འདྲིས་ཀྱི་འགྲོ་གྲོན“གཞུང་གྲོན་རིགས་གསུམ”གྱི་ཁོངས་སུ་མི་ཚུད།
བཞི། ནོར་སྲིད་ཀྱིས་ཚན་རིག་ཞིབ་འཇུག་གྲོན་དངུལ་གྱི་རྒྱབ་སྐྱོར་བྱེད་ཐབས་གསར་གཏོད་བྱ་དགོས། རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་གཙོ་གནད་དང་ཁྱབ་ཁོངས་ལྟར་སྣེ་ཁྲིད་ཚན་རིག་པས་ཞིབ་འཇུག་བྱ་གཞི་དང་ཚན་ཞིབ་ཚོགས་པ། འགྲོ་གྲོན་བཀོལ་སྤྱོད་བཅས་རང་བདག་ངང་གཏན་འཁེལ་བྱ་དགོས། ཞིབ་འཇུག་གསར་སྤེལ་སྒྲིག་གཞི་གསར་གྲས་ཀྱིས“སྔོན་རྩིས་དང་ལྡོག་ཕྱོགས་གསལ་ཐོ་ཟུང་འབྲེལ”གྱི་དོ་དམ་མ་དཔེ་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་ཏེ། དམིགས་བསལ་གཏན་འབེབས་ཕུད། ནོར་སྲིད་མ་དངུལ་གྱིས་རྒྱབ་སྐྱོར་ལས་ཐོན་པའི་ཚན་རྩལ་གྲུབ་འབྲས་དང་ཤེས་བྱའི་ཐོན་དངོས་བདག་དབང་དེ་ཞིབ་འཇུག་གསར་སྤེལ་ལས་ཁུངས་གསར་གྲས་ཀྱིས་ཁྲིམས་ལྟར་བླངས་བ་ཡིན་པས། རང་བདག་གིས་གཞན་བསྒྱུར་དང་ཁྱབ་གདལ་བེད་སྤྱོད་བྱེད་རྒྱུར་ཐག་བཅད་ཆོག
ལྔ། ཚན་ཞིབ་རྣམ་གྲངས་ལ་འབྲེལ་ཡོད་ཕྱོགས་སོ་སོས་ཚན་ཞིབ་ནོར་དོན་ལས་རོགས་བཀོད་སྒྲིག་དང་། སྔོན་རྩིས་བཟོ་འགོད་དང་རྩིས་ཞུ་སོགས་ཆེད་ལས་ཅན་གྱི་ཞབས་ཞུ་མཁོ་འདོན་བྱས་ཏེ་ཚན་ཞིབ་མི་སྣའི་ལས་དོན་རང་བཞིན་གྱི་ཁུར་པོ་ཇེ་ཡང་དུ་གཏང་དགོས། འབྲེལ་ཡོད་མི་ཤུགས་ཀྱི་མ་གནས་གྲོན་དངུལ་དག་རྣམ་གྲངས་ཀྱི་འགྲོ་གྲོན་སོགས་ཀྱི་ཐབས་ལམ་བརྒྱུད་ཐག་བཅད་ཆོག
དྲུག ཚན་ཞིབ་གྲོན་དངུལ་ལྟ་སྐུལ་དོ་དམ་ལེགས་བཅོས་བྱ་དགོས། དོན་དག་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་རྩིས་བཤེར་ལྟ་སྐུལ་བྱ་དགོས།
ཚོགས་འདུས་འབྲེལ་ཡོད་ཕྱོགས་སོ་སོས་གོང་གསལ་གྱི་བྱེད་ཐབས་དོན་འཁྱོལ་ནན་འཛིན་བྱེད་དགོས་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ལྟ་སྐུལ་ཞིབ་བཤེར་བྱ་བར་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན།
会议要求,各相关方面要狠抓上述措施落实,国办加强督查。
ཚོགས་འདུས་བསྟན་དོན། ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་གསོན་ཕག་ཐོན་སྐྱེད་བརྟན་བརླིང་ཡོང་བ་བྱེད་དགོས། མིག་སྔར་གསོན་ཕག་གི་ཐོན་ནུས་དེ་སྔར་བྱུང་བའི་མར་འགྲིབ་ཤུགས་ཚབས་ཆེན་ནས་ཅུང་མགྱོགས་པར་རྒྱུན་གཏན་ལོའི་ཆུ་ཚད་བར་སླར་གསོ་ཐུབ་ཡོད། མིག་སྔའི་མཁོ་སྤྲོད་འགྱུར་ལྡོག་ལ་དམིགས་ཤིང་དཔལ་འབྱོར་ཆོས་ཉིད་ལ་བརྩི་སྲུང་ཞུས་ནས་ཁྲོམ་ར་ཅན་གྱི་བྱེད་ཐབས་མང་བོ་སྤྱད་དེ“ཕག་གསོའི་དུས་འཁོར”གྱི་འཕར་ཆག་ཞི་ལྷོད་དུ་བཏང་ནས་གསོན་ཕག་མཁོ་སྤྲོད་དང་རིན་གོང་བརྟན་བརླིང་ལ་འགན་ལེན་བྱེད་དགོས། གཅིག ནོར་སྲིད་དང་དངུལ་རྩ། སྤྱོད་ས་སོགས་ཀྱི་ཕུགས་ཕན་རང་བཞིན་གྱི་རྒྱབ་སྐྱོར་སྲིད་ཇུས་སྲ་བརྟན་དུ་བཏང་ནས་གསོན་ཕག་གསོ་ཚགས་ར་བ(དུད་ཚང)ཡི་ཧུར་བརྩོན་རང་བཞིན་སྲུང་སྐྱོབ་བྱེད་དགོས་པ་དང་། གསོ་ཚགས་ར་བ(དུད་ཚང)དང་བཤས་གཏོང་ལས་སྣོན་ཁེ་ལས་ལ་རང་འདོད་ལྟར་དངུལ་བུན་ཚད་བཀག་དང་འཐེན་གཏོང་། ཆད་གཡར་བཅས་བྱས་མི་ཆོག ཁྲིམས་འགལ་ལུགས་འགལ་གྱིས་གསོ་ཚགས་བཀག་སྡོམ་ཁུལ་གྱི་ཁྱབ་ཁོངས་རྒྱ་བསྐྱེད་བཏང་མི་ཆོག གཞི་ཁྱོན་ལྡན་པའི་ཕག་རའི་གསོག་ཚད་བརྟན་བརླིང་ཡོང་བ་བྱས་ནས་གསོ་ཚགས་ར་བ(དུད་ཚང)ཆུང་འབྲིང་གི་གསོ་སྤེལ་ཆུ་ཚད་མཐོར་འདེགས་ལ་རོགས་སྐྱོར་བྱ་དགོས། གཉིས། གསོན་ཕག་ཐོན་སྐྱེད་ཀྱི་དུས་འཁོར་སྙོམས་སྒྲིག་ཚོད་འཛིན་ལམ་སྲོལ་བཙུགས་ཏེ་ཕག་མོའི་གསོག་ཚད་གྲངས་འབོར་དུས་མཚུངས་ལས10%ཡན་ཆག་པའམ་ཡང་ན་གསོན་ཕག་གསོ་ཚགས་ལ་བསྟུད་མར་ཟླ3རིང་གྱོང་གུན་ཚབས་ཆེན་ཐེབས་ན། ས་གནས་ས་ོསོས་གཞི་ཁྱོན་ལྡན་པའི་གསོ་ཚགས་ར་བར་ཐེངས་གཅིག་རང་བཞིན་གྱི་གནས་སྐབས་རོགས་སྐྱོབ་བྱེད་ཆོག གསུམ། རིམས་ནད་ཚབས་ཆེན་གྱི་སྔོན་འགོག་ཚོད་འཛིན་ལ་ནན་འཛིན་ཡག་པོ་བྱས་ནས་ཕག་ཤ་གསོག་འཇོག་གི་འཕྲལ་སྡོམ་སྙོམས་སྒྲིག་ལ་ཤུགས་སྣོན་རྒྱག་དགོས།
ཚོགས་འདུས་ད་དུང་དོན་དག་གཞན་ལ་ཞིབ་འཇུག་བྱས། །
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་གཙོ་སྐྱོང་མཛད།