ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་ཀྱིས་གསར་འགྱུར་བཞུགས་མོལ་ཚོགས་འདུ་བསྡུས་ནས་བོད་ལྗོངས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་དོ་སྣང་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-07-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་ཀྱིས་ཚེས28ཉིན་པེ་ཅིང་དུ་ཐེངས149པའི་གསར་འགྱུར་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་མགོ་གཙོ་ཟུར་པ་ཀྲང་ཡུང་གདན་དྲངས་ནས“བོད་ལྗོངས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག”བརྗོད་དོན་དུ་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་དང་བསམ་བློ་བརྗེ་རེས་བྱས་པ་མ་ཟད་དྲི་བར་ལན་བཏབ།

ཀྲང་ཡུང་གིས་བོད་ལྗོངས་སྤྱི་ཚོགས་ལམ་ལུགས་ཀྱི་ལོ་རྒྱུས་རང་བཞིན་གྱི་མཆོང་བརྒལ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས། སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ནང་དོན་ཐད་ནས་མཚམས་སྦྱོར་བྱས། ཁོས་བཤད་རྒྱུར། བོད་ལྗོངས་ཞི་བའི་བཅིངས་འགྲོལ་བྱས་པའི་ལོ་ངོ70རིང་། བོད་ལྗོངས་ཀྱི་འཕེལ་རྒྱས་དང་འཕོ་འགྱུར་ནི་ཕྱོགས་ཀུན་ནས་ཡིན། ལག་ལེན་ཁྲོད་བདེན་དཔང་བྱས་པ་ནི། ཏང་ཀྲུང་དབྱང་གིས་བོད་ལྗོངས་བྱ་བའི་བྱེད་ཕྱོགས་སྲིད་ཇུས་ནི་ཡང་དག་ཡིན་ལ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་རིང་ལ། ཀྲུང་དབྱང་གིས་སྔ་གཞུག་ཏུ་ཐེངས6པ་དང7པའི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། ཉམས་མྱོང་ཕྱོགས་བསྡོམས་བྱེད་པའི་རྨང་གཞིའི་སྟེང་། དུས་རབས་གསར་བའི་ཏང་གི་བོད་ལྗོངས་བཅོས་སྐྱོང་གི་འཐབ་ཇུས་གྲུབ་ཅིང་། དེས་དུས་རབས་གསར་བའི་བོད་ལྗོངས་བྱ་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ཟེར།

དུས་མཚུངས་སུ། ཀྲང་ཡུང་གིས་ད་དུང་བོད་ལྗོངས་ཀྱི་སློབ་གསོ་དང་ལས་ཞུགས། ཁ་གཏད་རོགས་སྐྱོར་སོགས་ཀྱི་ནང་དོན་ཐད་ནས་ཡུལ་དངོས་ཀྱི་གསར་འགོད་པའི་དྲི་བར་ལན་བཏབ།  །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།