ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཤར་ཕྱོགས་མནའ་འབྲེལ་བར་གླེང་མོལ་འབྲེལ་བ་བཙུགས་ནས་ལོ་འཁོར30ལོན་པའི་རྗེས་དྲན་བགྲོ་གླེང་ཚོགས་འདུ་བསྡུས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-07-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཚེས28ཉིན། བརྙན་རིས་ཀྱི་རྣམ་པས་ཀྲུང་གོ་དང་ཤར་ཕྱོགས་མནའ་འབྲེལ་བར་གླེང་མོལ་འབྲེལ་བ་བཙུགས་ནས་ལོ་འཁོར30ལོན་པའི་རྗེས་དྲན་བགྲོ་གླེང་ཚོགས་འདུའི་མགོ་རྩོམ་མཛད་སྒོའི་སྟེང་ཞུགས་པ་མ་ཟད་ཤིས་ཚིག་ཕུལ། 

ཝང་དབྱི་ཡིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཤར་ཕྱོགས་མནའ་འབྲེལ་བར་འབྲེལ་བ་བཙུགས་ནས་ལོ་འཁོར30ལོན་པའི་ལོ་ཡིན་ཞིང་། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཁྲོད་དམིགས་བསལ་དོན་སྙིང་ལྡན་པའི“ལོ་ཆེན”ཡིན། ལོ་ངོ30རིང་། ཀྲུང་གོའི་ཤར་ཕྱོགས་མནའ་འབྲེལ་གྱི་འབྲེལ་བ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་། ཕྱོགས་གཉིས་ཀྱི་སྔ་གཞུག་ཏུ་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ཤིང་། སྔོན་ལ་རང་མོས་ཉོ་ཚོང་ས་ཁུལ་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཉིན་རེའི་བཞིན་ཟབ་སྤེལ་དང་། ཨེ་ཤ་ཡ་ཤར་ཕྱོགས་ས་ཁུལ་གྱི་མཉམ་ལས་ལ་སྣེ་ཁྲིད་བྱས་བཞིན་ཡོད། 

ཝང་དབྱི་ཡིས་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་ངོ་མཚར་ལྡན་པའི་རྗེས་མའི་ལོ་ངོ30རིང་གི་གྲོས་གཞི5བཏོན་པ་དང་། མཛའ་བརྩེ་འབྲེལ་བ་རྒྱུན་འཁྱོངས་དང་། འཐབ་ཇུས་ཕན་ཚུན་ཡིད་ཆེས་ལ་ཤུགས་བསྣན་ནས། མི་གཞི་རྩར་འཛིན་པ་དང་། རིམས་འགོག་མཉམ་ལས་ཟབ་སྤེལ་བྱས་ཏེ། འཕེལ་རྒྱས་ལ་དམིགས་པ་རྒྱུན་འཁྱོངས་བྱས་ནས། མཐུན་སྒྲིལ་མཐུན་སྦྱོར་དང་། དྲང་བདེན་དྲང་བཞག་སྲུང་སྐྱོང་བྱེད་དགོས་ཞེས་བསྟན།   །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།