ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས28འཚོགས་པའི་དམངས་སྲིད་པུའུ་ཡི་དུས་ཚིགས་གསུམ་པའི་འཆར་ཅན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་ནས་རྒྱུས་ལོན་པ་ལྟར་ན། དམངས་སྲིད་པུའུ་ཡིས་པར་འགྲེམས་བྱས་པའི《མ་མཐའི་འཚོ་བའི་འགན་སྲུང་གི་ཞིབ་བཤེར་གཏན་འཁེལ་བྱ་ཐབས》ནང་འབྲེལ་ཡོད་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་གི་ཐ་སྙད་སུབ་ཏེ། གཏན་འབེབས་ཚང་མ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དབྱེ་བ་མེད་པར་གཅིག་གྱུར་གྱིས“མ་མཐའི་འཚོ་བའི་འགན་སྲུང”ཞེས་པར་ཚད་ལྡན་དུ་བཏང་། དམངས་སྲིད་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། རྗེས་མར་ས་གནས་ཀྱི་མ་མཐའི་འཚོ་བ་འགན་སྲུང་བྱ་བའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྱད་པར་རིམ་བཞིན་ཇེ་ཆུང་དུ་གཏོང་བར་མཛུབ་ཁྲིད་བྱས་ཏེ། མ་མཐའི་འཚོ་བ་འགན་སྲུང་ལམ་ལུགས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་སྤྱི་འདོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རང་རྒྱལ་གྱི་མ་མཐའི་འཚོ་བའི་འགན་སྲུང་གི་གྲོང་ཁྱེར་དང་གྲོང་གསེབ་བར་གྱི་དབྱེ་བ་འབྱེད་རྒྱུ་མིན་པ།