ཀྲུང་གོ་བོད་ཀྱི་དྲ་བ།

ལོ་སྟོད་དུ་རང་རྒྱལ་གྱི་ནུས་ཁུངས་འཛད་སྤྱོད་མགྱོགས་མྱུར་ངང་འཕར་སྣོན་བྱུང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-07-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ནུས་ཁུངས་ཅུའུ་འཕེལ་རྒྱས་འཆར་འགོད་སི་ཡི་སི་ཀྲང་ལིའི་ཧྥུའུ་ལུང་གིས་ཚེས28ཉིན་བསྟན་དོན། ད་ལོའི་ལོ་སྟོད་དུ། རང་རྒྱལ་ནུས་ཁུངས་འཛད་སྤྱོད་མགྱོགས་མྱུར་ངང་འཕར་སྣོན་བྱུང་ཡོད་ཅེས་བསྟན། 

ལིའི་ཧྥུའུ་ལུང་གིས་ཉིན་དེར་རྒྱལ་ཁབ་ནུས་ཁུངས་ཅུའུ་ཡི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་བཤད་རྒྱུར། ད་ལོའི་རིང་ལ། སྤྱི་ཚོགས་ཡོངས་ཀྱི་གློག་བཀོལ་སྤྱོད་བྱེད་ཚད་འཕར་བ་དང་། བཟོ་ལས་ཐད་ཀྱི་གློག་བེད་སྤྱོད་ཀྱི་བྱས་རྗེས་འཇོག་ཚད་མངོན་གསལ་གྱིས་ལོ་སྔོན་མའི་ཆུ་ཚད་ལས་བརྒལ་ཞིང་། ལོ་སྟོད་ཀྱི་སྤྱི་ཚོགས་ཡོངས་ཀྱི་གློག་བཀོལ་སྤྱོད་བྱེད་ཚད་དུས་མཉམ་ལས16.2འཕར་བ་དང་། དེ2019ལོའི་དུས་མཉམ་ལས15.8འཕར། ལོ་གཉིས་ཀྱི་དུས་མཉམ་དུ་ཆ་སྙོམས་སུ7.6%འཕར་ཡོད། བཟོ་ལས་ནི་གློག་བཀོལ་སྤྱོད་བྱེད་ཚད་འཕར་བའི་སྒུལ་ཤུགས་གཙོ་བོ་ཡིན་ཞིང་། ལོ་སྟོད་ཀྱི་བཟོ་ལས་ཐད་གློག་བཀོལ་སྤྱོད་བྱེད་ཚད་དུས་མཉམ་ལས16.5འཕར་བ་དང་། དེས་སྤྱི་ཚོགས་ཡོངས་ཀྱི་གློག་བཀོལ་སྤྱོད་བྱེད་ཚད་འཕར་སྣོན་བྱུང་བར་བྱས་རྗེས་འཇོག་ཚད70%ཙམ་ལ་སླེབས་ཡོད་ཟེར།

ལོ་སྟོད་དུ། རྡོ་སོལ་འཛད་སྤྱོད་དུས་མཉམ་ལས10.7འཕར་བ་དང་། དེ2019ལོའི་དུས་མཉམ་གྱི8.1འཕར་ཞིང་། གློག་འདོན་དང་འཛུགས་སྐྲུན་རྒྱུ་ཆའི་ཐད་བཀོལ་བའི་རྡོ་སོལ་འཕར་བ་མངོན་གསལ་རེད། རང་བྱུང་སོལ་རླངས་འཛད་སྤྱོད་རྒྱུན་མཐུད་ངང་མགྱོགས་སུ་འཕར་ཞིང་། བཟོ་ལས་ཐད་ཀྱི་སོལ་རླངས་བཀོལ་ཚད་ལོ་སྔོན་མའི་ཆུ་ཚད་ལས་བརྒལ། ལོ་སྟོད་ཀྱི་རང་བྱུང་སོལ་རླངས་ཀྱི་ཚོང་རའི་དགོས་མཁོ་ཆེ་ཞིང་། དུས་མཉམ་ལས21.2འཕར། དེའི་ཁྲོད། བཟོ་ལས་ཐད་ཀྱི་སོལ་རླངས་བཀོལ་ཚད26.6འཕར་བ་དང་། བྱས་རྗེས་འཇོག་ཚད་44.7ལ་སླེབས་ཤིང་། གློག་འདོན་ཐད་བཀོལ་བའི་སོལ་རླངས་དུས་མཉམ་ལས15.2ཡིན་པ་དང་། སོལ་རླངས་དང་གློག་གིས་གློག་ཤུགས་མཁོ་འདོན་བྱེད་པའི་ནུས་པ་མངོན་གསལ་གྱིས་ཡར་འཕར་ཏེ། ལོ་སྟོད་ཀྱི་སྣུམ་གྲུབ་མའི་འཛད་སྤྱོད་དུས་མཉམ་ལས15.7%བཅས་འཕར་ཡོད་པ་རེད། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།