ཀྲུང་གོ་བོད་ཀྱི་དྲ་བ།

དམངས་འཚོས་ཐད་ཀྱི་གློག་བེད་སྤྱོད་ལ་འགན་སྲུང་བྱ་རྒྱུ་དེ་ཨང་དང་པོར་འཇོག་དགོས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-07-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ནུས་ཁུངས་ཅུའུ་གློག་ཤུགས་བདེ་འཇགས་ལྟ་སྐུལ་དོ་དམ་སི་ཡི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཀྲང་དབྱང་མིན་གྱིས་ཚེས28ཉིན་བསྟན་དོན། ད་ལོའི་དབྱར་གཞུང་གི་སྐབས་སུ། དམངས་འཚོའི་ཐད་ཀྱི་གློག་བེད་སྤྱོད་ལ་འགན་སྲུང་བྱ་རྒྱུ་དེ་ཨང་དང་པོར་བཞག་ནས། དམངས་འཚོས་འགན་སྲུང་དང་གཙོ་གནད་འཛད་སྤྱོད་དུད་ཁྱིམ་དང་། སྤྱི་བའི་ཞབས་ཞུའི་སྒྲིག་ཆས་ཀྱི་གློག་ཤུགས་མཁོ་འདོན་ལ་ཁག་ཐེག་བྱས།

ཀྲང་དབྱང་མིན་གྱིས་ཉིན་དེའི་རྒྱལ་ཁབ་ནུས་ཁུངས་ཅུའུ་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་། རང་རྒྱལ་གྱི་གློག་ཤུགས་མཁོ་འདོན“དུས་རྒྱུན་འདང་བ་དང་། རྩེར་སོན་གྱི་སྐབས་སུ་ཛ་དྲག་ཡིན་པ། སྤྱིའི་ཆ་ནས་དོ་མཉམ་དང་། ཁ་ཤས་སུ་ཅུང་ཛ་དྲག”ཡིན་པའི་ཁྱད་ཆོས་གསར་བ་མངོན་ཡོད་ཟེར།

ཀྲང་དབྱང་མིན་གྱིས་བསྟན་དོན། གནས་བབ་གསར་བ་དང་འགྲན་རྩོད་གསར་བར་གདོང་གཏད་དེ། ད་ལོའི་དབྱར་དུས་ཀྱི་གློག་ཤུགས་བདེ་འཇགས་ངང་མཁོ་འདོན་བྱེད་པར་འགན་སྲུང་བྱ་ཆེད། རྒྱལ་ཁབ་ནུས་ཁུངས་ཅུའུ་ཡིས་གནད་དོན་ཁ་ཕྱོགས་སུ་བཟུང་ནས། ཧུར་ཐག་གིས་ས་གནས་སོ་སོ་དང་གློག་ཤུགས་མཁོ་འདོན་གྱི་འགལ་བ་མཐུན་སྦྱོར་ཐག་གཅོད་བྱས། 

དུས་མཚུངས་སུ། གློག་ཤུགས་མཁོ་འདོན་འགན་སྲུང་ཡུལ་དངོས་རྟོག་ཞིབ་དང་མཐུན་འགྲིག ལྟ་སྐུལ་མཛུབ་སྟོན། མཐུན་སྦྱོར་ཐག་གཅོད་བཅས་བྱས་ཏེ་གློག་མི་འདང་བའི་ས་ཁུལ་དུ་ཕྱིའི་གློག་ཤུགས་མཁོ་འདོན་དང་། གློག་དང་རྡོ་སོལ་ཐོན་སྐྱེད་མཁོ་འདོན་སོགས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་བྱས།  །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།