ཀྲུང་གོ་བོད་ཀྱི་དྲ་བ།

བཟོ་ལས་དང་ཆ་འཕྲིན་པུའུ་ཡིསAppརིགས14ཡིས་ད་དུང་དག་ཐེར་ཡོ་བསྲང་བྱས་མེད་པར་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-07-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས28ཉིན། གསར་འགོད་པས་བཟོ་ལས་དང་ཆ་འཕྲིན་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། བཟོ་ལས་དང་ཆ་འཕྲིན་པུའུ་ཡིས་སྤྱོད་མཁན་གྱིས་ཐེར་འདོན་བྱེད་ཚད་ཅུང་མང་པ་དང་སྤྱོད་མཁན་ལ་ཟིང་ཆ་བཟོ་བ་སོགས་ཀྱི་སྒྲིག་འགལ་སྣང་ཚུལ་ལ་གཅིག་བསྡུས་སྒོས་དག་ཐེར་བྱས། ཉེ་ཆར་གནད་དོན་འདི་རིགས་ཡོ་བསྲང་བྱས་རྗེས་ཀྱི་ཞིབ་བཤེར་ཁྲོད་ཁེ་ལས་སྐོར་ཞིག་གིས་སྔར་བཞིན“བཀའ་བསྒོས་ཀྱང་མི་སྒྲུབ་ཞིང་བཀག་ཀྱང་མི་ཁོག་པའི”སྣང་ཚུལ་མངོན་ལ། QQདཔེ་ཀློག་དང་མའེ་ཡོའུ་སོགསAppརིགས14ཡིས་ད་དུང་རེ་བ་ལྟར་དག་ཐེར་ཡོ་བསྲང་བྱས་མེད་པས་བཟོ་ལས་དང་ཆ་འཕྲིན་པུའུ་ཡིསAppའདི་རིགས་ཀྱིས་ཟླ8པའི་ཚེས3ཉིན་གྱི་སྔོན་ལ་དག་ཐེར་ནུས་ལྡན་བྱེད་དགོས་པའི་བླང་བྱ་བཏོན་པ་མ་ཟད། དུས་ཚོད་འདིའི་ནང་ད་དུང་དག་ཐེར་མི་བྱེད་པའམ་ཡོ་བསྲང་མི་བྱེད་མཁན་ལ་བཅའ་ཁྲིམས་དང་སྒྲིག་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ་རེད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།