ཀྲུང་གོ་བོད་ཀྱི་དྲ་བ།

དབྱར་ཁའི་འགྲིམ་འགྲུལ་བདེ་འཇགས་ཐད་ཀྱི་དོ་སྣང་བྱེད་དགོས་ས་དགུ

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.རླངས་འཁོར་མ་སྐོར་བའི་སྔོན་དུ་དུས་ཐོག་ཏུ་གནམ་གཤིས་གནས་ཚུལ་ལ་དོ་ཁུར་བྱས་ཏེ་བགྲོད་ལམ་གྱི་ཆ་འཕྲིན་ཤེས་རྟོགས་བྱེད་པ་དང་ཕྱིར་སྐྱོད་དུས་ཚོད་དང་ལམ་ཐིག་བཀོད་སྒྲིག་འོས་འཚམ་བྱེད་དགོས།

2.ཕྱིར་མ་བསྐྱོད་པའི་སྔོན་དུ་གཉིད་འདང་ངེས་ཞིག་ཁུག་རྒྱུའི་འགན་སྲུང་བྱེད་པ་དང་། ངལ་རྩོལ་དང་ངལ་གསོ་དོ་སྙོམས་ཡོང་བ་བྱ་རྒྱུ། དགོང་ཕྱི་དྲོའམ་མཚན་མོར་ཐག་རིང་དུ་རླངས་འཁོར་མི་བསྐོར་བ།

3."རླངས་འཁོར་བསྐོར་ན་ཆང་མི་འཐུང་བ་དང་། ཆང་འཐུང་རྗེས་རླངས་འཁོར་མི་སྐོར་བའི”་སྒྲིག་ལམ་བློ་ལ་བརྟན་པོར་ངེས་རྒྱུ་ནི། ཁྱེད་ཀྱི་བདེ་འཇགས་ཁོ་ན་ཙམ་མ་ཟད་མི་གཞན་གྱི་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཆེད་དུའང་ཡིན།

4.རླངས་འཁོར་སྐོར་བའི་སྔོན་དུ། འཁོར་ལོ་དང་བཀག་གཏོང་། སྣུམ་ལམ་དང་གློག་ལམ་སོགས་རླངས་འཁོར་རང་སྟེང་གི་གནས་ཚུལ་ལ་ཞིབ་བཤེར་བྱས་ཏེ་དུས་ཐོག་ཏུ་ཞིག་གསོ་དང་ལེགས་བཅོས་བྱས་ནས། རླངས་འཁོར་ཀྱི་གཤིས་ནུས་ལེགས་པར་འགན་སྲུང་བྱེད་དགོས།

5.ཆར་བའི་ནང་དུ་རླངས་འཁོར་སྐོར་ཚད་ཇེ་ཉུང་དུ་གཏོང་བ་དང་། ཆར་པ་ཆེན་པོ་དང་དྲག་ཆར་སོགས་གནམ་གཤིས་གནས་ཚུལ་ངན་པར་འཕྲད་སྐབས་ཡང་དག་པའི་སྒོ་ནས་གློག་འོད་བེད་སྤྱོད་བྱེད་པ་དང་། རླངས་འཁོར་ཇེ་དལ་དུ་གཏོང་བ། རླངས་འཁོར་བར་གྱི་བར་ཐག་ཆེ་རུ་གཏོང་བ་བཅས་བྱ་དགོས། འཕྲུལ་སྒུལ་མིན་པའི་འཁོར་ལོ་དང་རྐང་ཐང་བར་འཕྲད་ཚེ་སྔོན་ལ་ཉེན་དུང་གནོན་པ་དང་རང་འགུལ་ངང་ལམ་ཕྱེས་དགོས།

6.ཞིང་ལས་ཁུལ་དང་འབྲོག་པའི་ས་ཁུལ་བརྒྱུད་སྐབས། ལམ་གྱི་གནས་ཚུལ་ལ་དོ་སྣང་བྱས་ཏེ་གཞུང་ལམ་འཕྲེད་བརྒལ་ཀྱི་ནོར་ལུག་སོགས་ཕྱུགས་རིགས་ལ་གཡོལ་ཐབས་གང་ལེགས་བྱ་དགོས།

7.རི་ཁུལ་ཁ་ཤས་ནི་གཞུང་ལམ་གྱི་རིམ་པ་དམའ་བས། རི་གཟར་དང་དཀྱོག་ཆེ་བ། ཆུ་དང་ལམ་གྱི་གཞི་མདོར་ཉེ་དུས། མྱུར་ཚད་ཇེ་དལ་དུ་བཏང་ནས་སེམས་ཆུང་སྒོས་རླངས་འཁོར་བསྐོར་དགོས། དེ་མིན་ལམ་གྱི་གནས་ཚུལ་ལྟ་ཞིབ་དང་། ཆུ་དང་རྡོ་ལམ་དུ་བདེ་འཇགས་འགན་ལེན་བྱས་རྗེས་གཞི་ནས་བགྲོད་པ་ལས། ཉེན་ཁར་མ་འཛེམ་པར་བཙན་ཤེད་གྱིས་བགྲོད་པ་སོགས་གཏན་ནས་བྱ་མི་རུང་།

8.རི་ལམ་དུ་རླངས་འཁོར་དང་མི་ཚོགས་མང་བས། ཁྱེད་ཀྱིས་བདེ་འཇགས་དང་ཚུལ་ལྡན། ཤེས་རིག་ལྡན་པའི་སྒོ་ནས་རླངས་འཁོར་བསྐོར་བ་དང་བཀོད་འདོམས་ལ་ཉན་པ། ཚད་ལྡན་ངང་རླངས་འཁོར་འཇོག་པ། འགྲོས་བརྒལ་དང་མི་བརྒལ་སོགས་ཀྱི་བྱ་སྤྱོད་ལས་བྲལ་དགོས་པར་མ་ཟད། གཞུང་ལམ་བཅད་ཏེ་རླངས་འཁོར་འཇོག་པ་དང་མྱུར་ཚད་མགྱོགས་པོས་མདུན་བརྒལ་བ་དང་ཕན་ཚུལ་བགྲོད་པ་བཅས་གཏན་ནས་བྱེད་མི་རུང་།

9.བདེ་འཇགས་ཐག་པ་ནི་ཚེ་སྲོག་སྐྱོབ་པའི་ཐག་པ་ཡིན་པས། ཁྱེད་དང་ཁྱེད་ཀྱི་བཟའ་མིས་བདེ་འཇགས་ཐག་པ་འདོགས་རོགས།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།