ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གྲྭ་ཆུང་འབྲིང་ནང་དུ་ཚོང་ཁང་གཉེར་མི་ཆོག་པར་གཏན་འབེབས་བྱས་ཡོད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། སློབ་གསོ་པུའུ་ཡིས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་བཞི་དང་མཉམ་དུ《འཚོ་བཅུད་དང་བདེ་ཐང་གི་སློབ་གྲྭ་འཛུགས་སྐྱོང་བྱེད་པའི་ཕྱོགས་སྟོན》ཞེས་པ་བཀྲམ་པ་དང་། གཞོན་ནུ་ལོ་ཆུང་གི་འཚར་ལོངས་དགོས་མཁོར་འཚམ་པ་དང་། སློབ་གྲྭའི་འཚོ་བཅུད་དང་བདེ་ཐང་གི་ལས་དོན་ལ་སྐུལ་འདེད་གཏོང་བ། སློབ་གྲྭའི་འཚོ་བཅུད་དང་བདེ་ཐང་གི་འབྲེལ་ཡོད་དོ་དམ་བྱེད་སྟངས་ཚད་ལྡན་དུ་གཏོང་བ་བཅས་ལ་བླང་བྱ་བཏོན་ཡོད་པ་རེད།

微信图片_20210728160551.png

《ཕྱོགས་སྟོན》གྱི་ཁྱབ་ཁོངས་ནི་ཉིན་ཧྲིལ་བོའི་སློབ་གསོའི་ལམ་ལུགས་ཀྱི་སློབ་གྲྭ་ཆུང་འབྲིང་དཀྱུས་མའི་འཚོ་བཅུད་དང་བདེ་ཐང་སློབ་གྲྭ་འཛུགས་སྐྱོང་ཐད་ཡིན་པ་དང་། མཐོ་སློབ་དཀྱུས་མ་དང་འབྲིང་རིམ་ལས་རིགས་སློབ་གྲྭ།  བུ་བཅོལ་ཁང་བཅས་ཀྱིས་འཚོ་བཅུད་དང་བདེ་ཐང་གི་སློབ་གྲྭ་འཛུགས་སྐྱོང་བྱེད་པར་དཔེ་བལྟས་ནས་ལག་བསྟར་བྱས་ཆོག་པ་གསལ་པོར་བཏོན་ཡོད།  《ཕྱོགས་སྟོན》ཁྲོད་ད་དུང་སློབ་གྲྭ་ཆུང་འབྲིང་གི་ནང་དུ་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་གཉེར་མི་ཆོག་པའི་གཏན་འབེབས་གསལ་བོར་བྱས་ཡོད་ལ། 《ཕྱོགས་སྟོན》གྱི་དོན་ཚན་ཉེར་ལྔ་པར་སློབ་གྲྭའི་ནང་ཚོང་ཁང་ཆུང་ཆུང་དང་སྒོ་རྩིས་ཚོང་ཁང་སོགས་ཟས་རིགས་བཙོང་ས་འཛུགས་མི་ཆོག་པ་དང་། ཚྭ་མང་བ་དང་མངར་ཆ་མང་བ། ཞག་ཚིལ་མང་བ་བཅས་ཀྱི་ཟས་རིགས་དང་ཨ་རག་ཉིང་ཁུ་འདུས་པའི་བཏུང་བྱ་བཙོང་མི་ཆོག་པ། མངར་ཆ་འདུས་པའི་བཏུང་བྱ་དང་བྲོ་རྫས་མང་བའི་ཟས་རིགས་སོགས་ཞོར་ཟས་བརྡ་ཁྱབ་གཏང་མི་ཆོག་པ་གསལ་བོར་བཏོན་ཡོད་པ་རེད།   །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།