མི་གྲངས་དང་འཆར་ལྡན་བུ་བཙའི་བཅའ་ཁྲིམས་བཟོ་བཅོས་བྱ་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས27ཉིན་གསར་འགོད་པས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་གོ་བརྒྱད་པའི་སྟེང་ཤེས་གསལ་ལྟར་ན།  མི་གྲངས་དང་འཆར་ལྡན་བུ་བཙའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་དེ་ཟླ8པར་འཚོག་རྒྱུ་དེ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་སུམ་ཅུ་པར་གྲོས་ཞིབ་ཏུ་འབུལ་རྒྱུ་རེད། ད་ལོའི་ཟླ6པར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐྱེས་འཕེལ་སྲིད་ཇུས་ཇེ་ལེགས་སུ་བཏང་ནས་མི་གྲངས་ཡུན་རིང་དོ་སྙོམས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་གཏན་འབེབས་ཁྱབ་བསྒྲགས་བྱས་ནས་བྱིས་པ་གསུམ་སྐྱེས་བའི་སྲིད་ཇུས་དང་དེ་བཞིན་ལེ་ལག་ཚང་བའི་རྒྱབ་སྐྱོར་བྱེད་ཐབས་ལག་བསྟར་བྱེད་རྒྱུ་གསལ་བོར་བཏོན་ཡོད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།