ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ཁུ་ཀྲི་ཡིས་རྟེན་འབྲེལ་བྱ་འགུལ་གྱི་བདེ་སྲུང་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཐད་ནན་གྱིས་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་ཨུ་ཡོན་ནམ་སྤྱི་བདེ་པུའུ་ཡི་པུའུ་ཀྲང་ཀྲའོ་ཁུ་ཀྲི་ཡིས་ཚེས27ཉིན་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་བདེ་སྲུང་བྱ་བའི་སྤྱི་བསྡོམས་གཟེངས་རྟགས་བརྙན་འཕྲིན་ཁ་པར་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱས་ཏེ། “འདུ་ཤེས་བཞི”མཐོར་འདེགས་དང་། “ཡིད་ཆེས་བཞི”སྲ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་པར་བྱས་ཏེ། དཔའ་བོའི་དཔེ་ལེགས་སྙིང་སྟོབས་དར་སྤེལ་དང་། ཉེན་རྟོག་པ་ཡོངས་ཀྱི་འཐབ་རྩོད་སྐུལ་སྤེལ་བྱས་ཏེ། རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་བདེ་སྲུང་གྲུབ་འབྲས་རྒྱ་བསྐྱེད་ཟབ་སྤེལ་བྱས་ནས། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་གཏན་འཇགས་ཡོང་བར་ཁག་ཐེག་བྱས་ཏེ། ཏང་དང་མི་དམངས་ཀྱི་གཟི་བརྗིད་བརྩོན་ལེན་བྱེད་པར་འབད་བརྩོན་བྱེད་དགོས་ཞེས་བསྟན། 

ཀྲའོ་ཁུ་ཀྲི་ཡིས་བསྟན་དོན། བདེ་སྲུང་བྱ་བ་ལེགས་པོར་སྒྲུབ་པར་ངེས་པར་དུ་ཏང་ཀྲུང་དབྱང་གི་གཅིག་གྱུར་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་ཏང་གི་མགོ་ཁྲིད་འོག་གི་ཆབ་སྲིད་སྒྲིག་སྲོལ་དགེ་མཚན་རྒྱུན་འཁྱོངས་བྱེད་པ། དེ་མིན་ངེས་པར་དུ་རྒྱལ་ཡོངས་སྤྱི་བདེའི“བསམ་ཇུས་གཅིག”གི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། ངེས་པར་དུ་རང་ཉིད་བཅོས་བསྒྱུར་རྒྱུན་འཁྱོངས་བྱེད་དགོས་ཞེས་བསྟན།  །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།