ཀྲུང་གོ་བོད་ཀྱི་དྲ་བ།

ཟླ6པར་རྒྱལ་ཡོངས་སུ་བསྡོམས་པས་ཀྲུང་དབྱང་གི་གཏན་འབེབ་བརྒྱད་ཀྱི་དགོངས་དོན་ལ་འགལ་བའི་གནད་དོན10047རྩད་ཆོད།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་དྲ་ཚིགས་ཀྱིས་ཚེས27ཉིན་ཁྱབ་བསྒྲགས་བྱས་པའི་རྒྱལ་ཡོངས་ཀྱི་ཀྲུང་དབྱང་གི་གཏན་འབེབ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་གནས་ཚུལ་གྱི་ཟླ་རེའི་གཞི་གྲངས་ཁྱབ་བསྒྲགས་བྱས། ཁྱབ་བསྒྲགས་ལས་མངོན་པ་ལྟར་ན། 2021ལོའི་ཟླ6པར། རྒྱལ་ཡོངས་སུ་བསྡོམས་པས་ཀྲུང་དབྱང་གི་གཏན་འབེབ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན10047རྩད་ཆོད་པ་དང་། མི14336ལ་སྐྱོན་བརྗོད་སློབ་གསོ་རོགས་རམ་དང་ཐག་གཅོད་བྱས།(དེར་ས་གནས་ཐིང་རིམ་པའི་ལས་བྱེད་པ60དང་། རྫོང་གི་ཁྲུའུ་རིམ་པའི་ལས་བྱེད་པ836འདུས)མི9488ལ་ཏང་གི་སྒྲིག་སྲིད་ཆད་གཅོད་བྱས།

ཡོངས་བསྒྲགས་ལྟར་ན། ད་ལོའི་ཟླ6པར་རྒྱལ་ཡོངས་སུ་ཁྱོན་བསྡོམས་ཕྱི་ཚུལ་རིང་ལུགས་དང་དཔོན་ངན་རིང་ལུགས་ཀྱི་གནད་དོན4653བྱུང་བ་དང་། མི7054ལ་སྐྱོན་བརྗོད་སློབ་གསོ་རོགས་རམ་དང་ཐག་གཅོད་བྱས། དེའི་ཁྲོད། “འགན་ནུས་ལག་བསྟར་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཞབས་ཞུའི་ཐད་འགན་མི་ཁུར་བ་དང་། བྱེད་སྟངས་མི་ལེགས་པ། གང་འདོད་ཀྱི་བྱེད་སྟངས། བྱེད་སྟངས་རྫུན་མ་བཟོས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས”ཐད་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི་གནད་དོན་ཆེས་མང་བ་དང་། གནད་དོན3684རྩད་ཆོད་ལ། མི5672ལ་སྐྱོན་བརྗོད་སློབ་གསོའི་རོགས་རམ་དང་ཐག་གཅོད་བྱས། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།