ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གི་ཚོགས་འདུ་ཐེངས་གོ་བརྒྱད་པར་མགོ་འཛིན་མཛད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལི་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་ཚོགས་འདུ་ཐེངས་གོ་བརྒྱད་པར་མགོ་འཛིན་མཛད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སུམ་ཅུ་པ་ཟླ8པའི་ཚེས17ཉིན་ནས20ཉིན་བར་པེ་ཅིང་དུ་འཚོག་རྒྱུའི་གཏན་འབེབས་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས27ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་ཚོགས་འདུ་ཐེངས་གོ་བརྒྱད་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་ཤིང་། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཚོགས་འདུར་མགོ་འཛིན་མཛད། ཚོགས་འདུའི་ཐོག་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སུམ་ཅུ་པ་ཟླ8པའི་ཚེས17ཉིན་ནས20ཉིན་བར་པེ་ཅིང་དུ་འཚོག་རྒྱུའི་གཏན་འབེབས་གནང་།

ཚེས27ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་ཚོགས་འདུ་ཐེངས་གོ་བརྒྱད་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་ཤིང་། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཚོགས་འདུར་མགོ་འཛིན་མཛད།

ཨུ་ཡོན་ཀྲང་གི་ཚོགས་འདུས་གྲོས་མགོ་འདོན་རྒྱུར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སུམ་ཅུ་པའི་སྟེང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བཅའ་ཁྲིམས་ཀྱི་འཆར་ཟིན་དང་། ལྟ་ཞིབ་བློ་འདྲིའི་བཅའ་ཁྲིམས་ཀྱི་འཆར་ཟིན། བཅའ་ཁྲིམས་རོགས་སྐྱོར་བཅའ་ཁྲིམས་ཀྱི་འཆར་ཟིན། སྨན་པའི་བཅའ་ཁྲིམས་ཀྱི་འཆར་ཟིན། དམག་ཞབས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན། རྩ་འཛུགས་ཡོད་པའི་ཉེས་གསོག་ལ་རྒོལ་བའི་བཅའ་ཁྲིམས་ཀྱི་འཆར་ཟིན། ཁྱིམ་ཚང་སློབ་གསོའི་བཅའ་ཁྲིམས་ཀྱི་འཆར་ཟིན། སྐམ་སའི་རྒྱལ་མཚམས་བཅའ་ཁྲིམས་ཀྱི་འཆར་ཟིན་བཅས་ལ་གྲོས་ཞིབ་བྱ་རྒྱུ་དང་། རྒྱལ་ཡོངས་དམངས་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཚན་རིག་ལག་རྩལ་ཡར་ཐོན་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་གྲོས་ཞིབ་རེ་ཞུའི་སྐོར་གྱི་གྲོས་གཞི་དང་། རྒྱལ་ཡོངས་དམངས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཁོར་ཡུག་འཛེར་སྒྲའི་སྦགས་གཙོག་འགོག་བཅོས་བཅའ་ཁྲིམས་ལ་གྲོབ་ཞིབ་རེ་ཞུའི་སྐོར་གྱི་གྲོས་གཞི། རྒྱལ་ཡོངས་དམངས་ཆེན་ཞིང་ལས་དང་ཞིང་སྡེའི་ཨུ་ཡོན་ལྷན་ཁང་གི་ས་བོན་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོབ་ཞིབ་རེ་ཞུའི་སྐོར་གྱི་གྲོས་གཞི་བཅས་ལ་གྲོབ་ཞིབ་བྱ་རྒྱུ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མི་འབོར་དང་འཆར་ལྡན་བུ་བཙའི་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་རེ་ཞུའི་སྐོར་གྱི་གྲོས་གཞི་བཅས་ལ་གྲོབ་ཞིབ་བྱ་རྒྱུ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་ཨུ་ཡོན་ཀྲང་གི་ཚོགས་འདུའི་རྒྱལ་ཡོངས་དམངས་ཆེན་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྩ་བའི་བཅའ་ཁྲིམས》ཀྱི་ཟུར་བཀོད་གསུམ་པར་རྒྱལ་ཡོངས་རང་བཞིན་གྱི་ཁྲིམས་ལུགས་ཁ་སྣོན་བྱེད་པའི་སྐོར་གྱི་ཆོད་དོན་འཆར་ཟིན་སྐོར་ལ་གྲོབ་ཞིབ་རེ་ཞུའི་སྐོར་གྱི་གྲོབ་གཞི་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་ཨུ་ཡོན་ཀྲང་གི་ཚོགས་འདུའི་རྒྱལ་ཡོངས་དམངས་ཆེན་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྩ་བའི་བཅའ་ཁྲིམས》ཀྱི་ཟུར་བཀོད་གསུམ་པར་རྒྱལ་ཡོངས་རང་བཞིན་གྱི་ཁྲིམས་ལུགས་ཁ་སྣོན་བྱེད་པའི་སྐོར་གྱི་ཆོད་དོན་འཆར་ཟིན་སྐོར་ལ་གྲོབ་ཞིབ་རེ་ཞུའི་སྐོར་གྱི་གྲོབ་གཞི་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་རང་ཁྲིམས་ཁང་དང་ས་ཁུལ་ཁ་ཤས་སུ་རིམ་པ་བཞི་བའི་ཁྲིམས་ཁང་ཞིབ་བཤེར་འགན་ནུས་ཀྱི་གནས་འཁེལ་བཅོས་བསྒྱུར་ཚོད་ལྟའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་ཆོད་དོན་འཆར་ཟིན་ལ་གྲོས་ཞིབ་རེ་ཞུའི་སྐོར་གྱི་གྲོས་གཞི་བཅས་ལ་གྲོས་ཞིབ་བྱ་རྒྱུ་ཡིན། 

ཨུ་ཡོན་ཀྲང་གི་ཚོགས་འདུས་གྲོས་མགོ་འདོན་རྒྱུར། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སུམ་ཅུ་པའི་སྟེང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ད་ལོའི་ཚུན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ་དང་། ད་ལོའི་ཚུན་གྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ། རིག་དངོས་ལས་དོན་དང་རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ། ཞུང་ཨན་ཁུལ་གསར་དང་པའེ་དབྱང་ཏེན་སྐྱེ་ཁམས་སྲུང་སྐྱོང་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱ་རྒྱུ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་ཁྲིམས་བསྟར་ཞིབ་བཤེར་ཚོ་ཆུང་གི་ཁེ་ལས་ཀྱི་མ་རྩ་སྟོངས་པའི་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ་དང་། ཕྱུགས་ལས་བཅའ་ཁྲིམས་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ་ལ་གྲོས་ཞིབ་བྱ་རྒྱུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་གཉིས་ཀྱི་འཐུས་མིའི་ཐོབ་ཐང་གི་སྙན་ཞུར་གྲོས་ཞིབ་བྱ་རྒྱུ། འབྲེལ་ཡོད་བསྐོ་འཐེན་གནད་དོན་ལ་གྲོས་ཞིབ་བྱ་རྒྱུ་ཡིན། 

ཨུ་ཡོན་ཀྲང་གི་ཚོགས་འདུས་ད་དུང་རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི2021ལོའི་ལོ་སྟོད་ཀྱི་དཔལ་འབྱོར་གནས་བབ་དབྱེ་ཞིབ་ཚོགས་འདུའི་གནས་ཚུལ་གྱི་སྙན་ཞུ་སོགས་ལ་གྲོས་ཞིབ་བྱས།

ཨུ་ཡོན་ཀྲང་གི་ཚོགས་འདུའི་སྟེང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་དབྱང་ཀྲེན་ཝུའུ་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སུམ་ཅུ་པའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་གྲོས་རིམ་བཀོད་སྒྲིག་སྐོར་གྱི་སྙན་སེང་ཞུས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ་དང་། རྒྱལ་ཡོངས་དམངས་ཆེན་ཀྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ལས་དོན་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སུམ་ཅུ་པའི་གྲོས་གཞིར་སྙན་སེང་ཞུས།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲེན་དང་ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཧྲེན་ཡུའེ་ཡུའེ། ཅི་པིང་ཞོན། ཨའེ་ལི་ཀེང·དབྱི་མིང་པ་ཧའེ། ཝན་ཨེ་ཤང་། ཁྲེན་ཀྲུའུ། ཝང་ཏུང་མིང་། པད་མ་འཕྲིན་ལས། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥེང་། ཝུའུ་ཝུའེ་ཧྭ་བཅས་ཚོགས་འདུར་ཞུགས་ཡོད།  །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།