ཀྲུང་གོ་བོད་ཀྱི་དྲ་བ།

ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་སྲིད་སྐྱོང་ལུགས་དང་མགོ་ཁྲིད་ཀྱི་ནུས་པའི་གླེང་སྟེགས་འཚོགས་པ་དང་ཁྲེན་ཞི་ཡིས་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7པའི་ཚེས27ཉིན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་སྲིད་སྐྱོང་ལུགས་དང་མགོ་ཁྲེིད་ཀྱི་ནུས་པའི་གླེང་སྟེགས་ཀྱི་མགོ་ཚུགས་མཛད་སྒོ་པེ་ཅིང་དང་དྲ་ལམ་ནས་མཉམ་དུ་སྤེལ་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་ཡོན་ཀྲང་ཁྲེན་ཞི་ཡིས་བརྙན་ལམ་བརྒྱུད་ནས་འཚོགས་འདུའི་སྟེང་ཞུགས་པ་མ་ཟད་ཤིས་ཚིག་ཕུལ། 

ཁྲེན་ཞི་ཡིས་བཤད་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་སུ་སྲིད་བསྐྱངས་ནས་ལོ70ལྷག་ཙམ་སོང་རིང་།  མཐུན་སྒྲིལ་ངང་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་འཛམ་གླིང་ཡོངས་ཀྱིས་བརྩི་མཐོང་བྱེད་པའི་གྲུབ་འབྲས་བླངས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག  ཏང་ཡོངས་དང་རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱིས་རྒྱུན་ཆད་མེད་པར་འབད་བརྩོན་བྱས་པ་བརྒྱུད། ང་ཚོས་ལོ་བརྒྱ་ཕྲག་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་ཡོད་པ་དང་། ཀྲུང་ཧྭ་ས་གཞིའི་ཆེན་མོའི་སྟེང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཡོད་ལ། ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་བློ་སྟོབས་ཆེར་སྐྱེད་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་སྐྱོད་བཞིན་ཡོད།  ཀྲུང་གོའི་འཕེལ་རྒྱས་ཀྱིས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ལ་འཛམ་གླིང་ཡོངས་ལའང་ཕན་ཐོགས་ཡོད།  ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་སྲིད་སྐྱོང་ལུགས་ཀྱི་བརྒྱུད་རིམ་ཁྲོད་ཏང་གི་ཕྱོགས་ཡོངས་ནས་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པར་ཤུགས་སྣོན་རྒྱག་པ་དང་། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱེད་པ།  ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ།  རང་ཉིད་ཀྱི་ལམ་བུར་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ།  མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལག་ལེན་བསྟར་རྒྱུ་རྒྱུན་འཁྱོངས་བྱེད་པ།  ཡང་དག་པའི་མདུན་སྐྱོད་ཀྱི་ཁ་ཕྱོགས་གཏན་འཁེལ་བྱེད་པ།  མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་མིའི་རིགས་ལ་ཡར་ཐོན་དོན་གཉེར་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་རང་རྟོགས་ངང་འཁུར་བ་བཅས་བྱས་ཡོད།  ཁྲེན་ཞི་ཡིས་ཀྲུང་གོ་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་སོ་སོའི་སྲིད་འཛིན་སློབ་གླིང་དང་མཉམ་ལས་སྤེལ་རེས་བྱས་ཏེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་བྱས་རྗེས་གསར་པ་འབུལ་འདོད་ཡོད་ཅེས་བཤད།

ཐེངས་འདིའི་གླེང་སྟེངས་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་འཁོར20ལོན་པའི་རིམ་སྤེལ་བྱེད་སྒོའི་ཁྲོད་ཀྱི་བྱ་འགུལ་གཅིག་ཡིན་པ་དང་། ཀྲུང་གོ་རྒྱལ་ཁབ་སྲིད་འཛིན་སློབ་གླིང་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཁྲུའུ་ཡིས་མཉམ་དུ་གཉེར་བ་ཡིན། ཐ་ཇིག་སི་ཐན་མི་དམངས་དམངས་གཙོ་ཏང་གི་ཀྲུའུ་ཞི་གཞོན་པ་དང་པོ་ཨ་ཅི་ཅི་ཡིས་བརྙན་ལམ་བརྒྱུད་དེ་ཤིས་ཚིག་གསུངས་པ་དང་།  ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་དང་ལྟ་ཞིབ་པའི་རྒྱལ་ཁབ།  གླེང་མོལ་བྱེད་རེས་ཀྱི་རོགས་ཟླ་དང་རྒྱལ་སྤྱིའི་རྩ་འཛུགས་བཅས་ཀྱི་འཐུས་མི200ལྷག་ཞུགས་ཡོད་པ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།