ཀྲུང་གོ་བོད་ཀྱི་དྲ་བ།

ཝའེ་ཧྥིན་ཧི་དང་མོང་གོལ་རྒྱལ་ཁབ་རྒྱལ་སྲུང་པུའུ་ཀྲང་གཉིས་ཀྱིས་གླེང་མོལ་བྱས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7པའི་ཚེས26ཉིན། རྒྱལ་སྲིད་ཨུ་ཡོན་དང་རྒྱལ་སྲུང་པུའུ་ཀྲང་ཝའེ་ཧྥིན་ཧི་ཡིས་ཚེས26ཉིན་ཝུའུ་རན་པཱ་ཐའོ་རུ་མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་སྲུང་པུའུ་ཀྲང་སའེ་ཧན་པཱ་ཡཱའར་དང་གླེང་མོལ་བྱས། 

ཝའེ་ཧྥིན་ཧི་ཡིས་བཤད་རྒྱུར། ཀྲུང་གོ་དང་མོལ་གོལ་རྒྱལ་ཁབ་གཉིས་ནི་རི་ཆུ་མཉམ་འབྲེལ་གྱི་མཛའ་བརྩེའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ཞིང་། ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་སྐྲུན་ཐད་མུ་མཐུད་དུ་གཏིང་ཟབ་དུ་སོང་ཡོད། རིམས་ནད་བྱུང་བའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ལ་རོགས་རམ་དང་དཀའ་བ་ཁྱད་དུ་བསད་དེ། ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཉམ་ལས་རིམས་འགོག་གི་དཔེར་མཚོན་བཙུགས་ཤིང་། ཟིང་ཆ་ཆེ་བའི་འཛམ་གླིང་ལ་དྲང་ཕྱོགས་ཀྱི་ནུས་ཤུགས་བསྣན་ཡོད། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་ཁེ་ཕན་དང་སེམས་ཁུར་བྱེད་པའི་ལས་དོན་ལ་རྒྱབ་སྐྱོར་བྱས་ཏེ། ས་ཁོངས་ཕྱིའི་སྟོབས་ཤུགས་དང་ས་ཁུལ་ལས་དོན་ལ་དོགས་ཟོན་བྱས་ཏེ། མཉམ་དུ་ས་ཁུལ་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས། ཀྲུང་གོའི་དམག་དཔུང་གིས་རེ་བར་མོང་གོལ་ཕྱོགས་དང་མཉམ་དུ། ཏན་ཏིག་གིས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་གི་འདོད་བློ་དོན་འཁྱོལ་དང་། འཐབ་ཇུས་ཀྱི་ཕན་ཚུན་ཡིད་ཆེས་མཐོར་འདེགས་སུ་བཏང་ནས། དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་ལ་བྱས་རྗེས་འཇོག་པར་སྐུལ་འདེད་གཏོང་དགོས་ཟེར།

སའེ་ཧན་པཱ་ཡཱའར་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། མོང་གོལ་རྒྱལ་ཁབ་ཀྱིས་ཀྲུང་གོའི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་རླབས་ཆེ་བའི་གྲུབ་འབྲས་བླངས་པར་བསྟོད་བསྔགས་བྱས་ལ། སེམས་གཏིང་ནས་ཀྲུང་གོས་རིམས་ནད་འགོག་བཅོས་དང་ཕྱི་ཕྱོགས་ཉོ་ཚོང་སོགས་ཀྱི་ཐད་ནས་མོང་གོལ་ཕྱོགས་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཆེ་ཞུས།

གྲོས་མོལ་སྔོན་དུ། སའེ་ཧན་པཱ་ཡཱའར་གྱིས་ཝའེ་ཧྥིན་ཧི་ལ་དགའ་བསུའི་མཛད་སྒོ་སྤེལ་བ་མ་ཟད་རྟ་མཆོག་ཅིག་གནང་བ་རེད། ཉིན་དེའི་ཕྱི་དྲོར། མོང་གོལ་རྒྱལ་ཁབ་ཀྱི་ཏཱ་ཧུའུ་ལཱའར་ཀྲུའུ་ཞི་ཙན་ཏན་ཧྲ་ཐའར་གྱིས་ཝའེ་ཧྥིན་ཧི་དང་མཇལ་འཕྲད་གནང་།།

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།