ཀྲུང་གོ་བོད་ཀྱི་དྲ་བ།

ཧོང་ཁུན་མིན་ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་པའི་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དྲུག་པར་ཞུགས་པ།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས26ཉིན། ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་པའི་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དྲུག་པ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་ནམ་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མིན་མགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་གཏམ་བཤད། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་སྒྱུ་རྩལ་བྱ་བའི་གཞུང་ལུགས་ཞིབ་བརྗོད་གལ་ཆེན་ལག་ལེན་བྱེད་པ། ཀྲུང་ཧྭའི་རིག་གནས་ཀྱི་ལངས་ཕྱོགས་བརྟན་པོས། ཀྲུང་ཧྭའི་རིག་གནས་ཀྱི་གཞི་རྒྱུ་རྒྱུན་འཛིན་བྱས་ཏེ། དམངས་ཁྲོད་རིག་གནས་སྒྱུ་རྩལ་བརྩམས་ཆོས་ལེགས་གྲས་མང་པོ་བཏོན་ནས། མི་རིགས་རིག་གནས་ཀྱི་མཚར་ཉམས་མངོན་དགོས་ཞེས་བསྟན།

ཧོང་ཁུན་མིན་གྱིས་བསྟན་དོན། དམངས་ཁྲོད་རིག་གནས་སྒྱུ་རྩལ་ངག་བརྒྱུད་སེམས་སྤྲོད་དང་ཚེ་རབས་སུ་རྒྱུད་འཛིན་བྱས་ནས། མེས་རྒྱལ་གྱི་ས་གཞི་སྟེང་དར་ཁྱབ་བྱུང་ཡོད་པ་དང་། དེ་ནི་སྤྱི་ཚོགས་རིང་ལུགས་རིག་གནས་སྒྱུ་རྩལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། རྒྱ་ཆེའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་ལས་སྒྲུབ་པས་མ་ཁུངས་བརྟན་སྲུང་དང་། དཀའ་བ་ཁྱད་དུ་བསད་དེ། གསར་སྐྲུན་རང་བཞིན་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། དམངས་ཁྲོད་རིག་གནས་སྒྱུ་རྩལ་ཉིན་རེའི་བཞིན་ཡར་རྒྱས་བྱུང་བ་དང་། ཕུལ་བྱུང་བརྩམས་ཆོས་མང་པོ་བྱུང་ཞིང་། དམངས་ཁྲོད་རིག་གནས་སྒྱུ་རྩལ་ལས་དོན་ལ་གོང་འཕེལ་གྱི་རྣམ་པ་ལེགས་པོ་མངོན་ཡོད་ཅེས་བསྟན། 

ཧོང་ཁུན་མིན་གྱིས་ནན་གྱིས་བསྟན་དོན། ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་མགོ་རྩོམ་ས་གསར་བར་རྐང་བཙུགས་ནས། རིག་གནས་སྟོབས་ལྡན་རྒྱལ་ཁབ་ཀྱི་མདུན་སྐྱོད་ཀྱི་མགོ་རྩོམ་པ་དང་། དམངས་ཁྲོད་རིག་གནས་སྒྱུ་རྩལ་ལས་དོན་གྱི་མདུན་ལྗོངས་ཡངས་ཤིང་། དམངས་ཁྲོད་རིག་གནས་སྒྱུ་རྩལ་བྱ་བར་མདུན་ལྗོངས་ཡག་པོ་ཡོད། རེ་བར་རྒྱ་ཆེའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་ལས་སྒྲུབ་པས་དཔལ་ཡོན་འཕེལ་རྒྱས་དང་སྟོབས་ལྡན་རྒྱལ་ཁབ་བསྐྱར་དར་གྱི་མཐོང་རྒྱ་ཡངས་པོའི་ཁྲོད་དམངས་ཁྲོད་རིག་གནས་སྒྱུ་རྩལ་ལ་བལྟ་བ་དང་། ཀྲུང་ཧྭའི་རིག་གནས་ཀྱི་རང་འགུལ་རང་རྟོན་མཐོར་འདེགས་སུ་བཏང་སྟེ། མི་དམངས་ཀྱི་དགོས་མཁོ་དང་དུས་རབས་ཀྱི་འབོད་སྐུལ་ལ་བསྟུན་ནས། ཕུལ་བྱུང་བརྩམས་ཆོས་མང་པོ་གསར་རྩོམ་བྱེད་དགོས་ཞེས་བསྟན།།

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།