ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས“མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་འཇལ་ནས་མི་འབོར་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི”ཆེད་དོན་གྲོས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ7པའི་ཚེས26ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིང་དུ“མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་འཇལ་ནས་མི་འབོར་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི”ཆེད་དོན་གྲོས་མོལ་ཚོགས་འདུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས26ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིང་དུ“མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་འཇལ་ནས་མི་འབོར་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི”ཆེད་དོན་གྲོས་མོལ་ཚོགས་འདུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་འབོར་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། མི་འབོར་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་ན་རྒས་ཅན་གྱི་ཆོས་ཉིད་ཡང་དག་པར་ཁོང་དུ་ཆུད་པ་དང་། རྒྱལ་ཁབ་ཀྱི་འཕེལ་རྒྱས་སྤྱི་ཡོངས་དང་མང་ཚོགས་དུང་ཕྱུར་མང་པོའི་བདེ་སྐྱིད་ལ་དམིགས་ཏེ། ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་དང་ལས་ཀའི་བསམ་ཕྱོགས་གསར་གཏོད། སྤྱི་ཚོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ན་རྒས་ཅན་ལ་ཁ་གཏད་འཇལ་བའི་ལམ་བུར་བསྐྱོད་ནས་མི་འབོར་ཡུན་རིང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་པར་ཆ་རྐྱེན་བསྐྲུན་དགོས། 

རྒྱལ་ཡོངས་དང་ས་གནས་སྲིད་གྲོས་ཀྱི་ཨུ་ཡོན90ལྷག་ཚོགས་འདུར་ཞུགས་པ་དང་། ཨུ་ཡོན་དང་ཆེད་མཁས་པ། གཞི་རིམ་གྱི་འཐུས་མི40ལྷག་གིས་གཏམ་བཤད་སྤེལ་ཅིང་། ཨུ་ཡོན100ལྷག་གིས་སྒུལ་བདེའི་འགན་སྒྲུབ་ལས་སྟེགས་བརྒྱུད་བསམ་འཆར་བཏོན་པ་རེད། ཨུ་ཡོན་ཚོས་རང་རྒྱལ་གྱི་མི་འབོར་འཕེལ་རྒྱས་ལ་ན་རྒས་ཅན་དང་ཕྲུ་གུ་ཉུང་བའི་གནོན་ཤུགས་ཉིས་བརྩེགས་ལ་འཕྲད་པ་དང་། དེའི་ཤུགས་རྐྱེན་ནི་ཕྱོགས་ཡོངས་དང་གཏིང་ཟབ་ཅིང་རྒྱུན་རིང་བས། ངེས་པར་དུས་ཐོག་དང་ཕྱོགས་བསྡུས། ཚན་རིག་དང་མཐུན་པ་བཅས་ཀྱི་སྒོ་ནས་ཁ་གཏད་འཇལ་དགོས། རིམ་པ་མང་བའི་རྒན་གསོའི་ཞབས་ཞུའི་མ་ལག་མགྱོགས་མྱུར་གྱིས་བསྐྲུན་པ་དང་། གཞི་རྩའི་རྒན་གསོ་འགན་བཅོལ་རྒྱལ་ཡོངས་སུ་སྤྱི་འདོམས་བྱ་རྒྱུར་སྐུལ་འདེད་གཏོང་བ། རྒན་གསོ་འགན་བཅོལ་གྱི་ཚོང་ལས་ཐོན་རྫས་ཀྱི་མཁོ་སྤྲོད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཡུན་རིང་ནད་གཡོག་འགན་བཅོལ་ལམ་ལུགས་འཛུགས་པར་འཚོལ་ཞིབ་བྱེད་པ། སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་བྱ་རྒྱུ་དེ་སྡེ་ཁུལ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་བ། དྲ་སྦྲེལ+ཁྱིམ་སྡོད་རྒན་གསོ་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། རྒན་རྒོན་ཚང་མར་རྒས་དུས་བརྟེན་ས་ཡོད་པ་བྱེད་དགོས། “རྒན་རྒོན་ཐོན་ལས”འཕེལ་རྒྱས་ཤུགས་ཆེན་བཏང་ནས“ལོ་ལྔའི་འཆར་གཞི་བཅུ་བཞི་པ”ཡི་རྒན་རྒོན་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་བཟོས་ཏེ། ཕན་བདེའི་ངོ་བོ་ལྡན་པའི་རྒན་རྒོན་ལ་ཞབས་འདེགས་ཞུ་བའི་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ནས་རྒན་གསོའི་བྱ་གཞག་དང་རྒན་གསོའི་ཐོན་ལས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། རྒས་ཀྱང་ལས་སྒྲུབ་ཡོད་པའི་སྐུལ་འདེད་འཆར་གཞི་ལག་བསྟར་བྱས་ཏེ། རིམ་འཕེལ་སྒོས་ལས་འཁྱུར་ངལ་གསོའི་ལོ་ཚོད་ཕྱིར་འགྱངས་བྱེད་པའི་སྲིད་ཇུས་འཚོལ་ཞིབ་བྱས་ནས་ཚན་རིག་དང་མཐུན་པས་ལོ་ན་དམའ་བའི་རྒན་པའི་མི་ཤུགས་ཐོན་ཁུངས་གསར་སྤེལ་བྱེད་པ་དང་། ལུས་ཁམས་བདེ་ཐང་ཡིན་པའི་རྒན་རྒོན་ལ་ལས་འཁྱུར་བྱས་ཀྱང་ངལ་མི་གསོ་བར་སྐུལ་ལྕག་བཏང་ནས་རྒན་རྒོན་གྱི་ཁེ་འབབ་སྔོག་འདོན་བྱེད་དགོས། ཕྲུ་གུ་གསུམ་བཙའ་བའི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ་མ་ལག་ཚང་བའི་བྱེད་ཐབས་འཐུས་ཚང་དུ་བཏང་ནས་བུ་བཙའ་དང་གསོ་སྐྱོང་། སློབ་གསོ་བཅས་ཀྱི་མ་གནས་ཇེ་དམའ་རུ་གཏོང་དགོས་ལ། ལོ་ཚོད་རན་ན་གཉེན་སྒྲིག་པ་དང་ལེགས་བཙའ་ལེགས་གསོ་སོགས་ཀྱི་དར་སྲོལ་གསར་བ་དར་སྤེལ་བཏང་ནས་བུ་བཙའི་འདོད་མོས་མར་ཆག་པའི་རྣམ་པར་འགྱུར་ལྡོག་གཏོང་དགོས། སྤྱི་ཚོགས་ལས་རིགས་སོ་སོས་ཡང་དག་པའི་ན་རྒས་ཀྱི་སྤྱི་ཚོགས་ལྟ་བ་འཛུགས་པར་ཁྲིད་སྟོན་བྱས་ཏེ་རྒན་གསོ་རྒན་བཀུར་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་རྒན་རྒོན་ལ་བྱམས་བརྩེ་བྱེད་པའི་སྤྱི་ཚོགས་འཛུགས་སྐྱོང་བྱེད་པར་་སྐུལ་འདེད་གཏོང་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། ཁོ་མོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒན་རྒོན་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཨུས་མགོ་ཁྲིད་དང་། སྲིད་གཞུང་གིས་གཙོ་ཁྲིད། སྤྱི་ཚོགས་ཐེ་ཞུགས། དམངས་ཡོངས་འགུལ་སྐྱོད་བཅས་ཀྱི་རྒན་རྒོན་ལས་དོན་གྱི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ། མི་འབོར་ན་རྒས་ཅན་ལ་ཁ་གཏད་འཇལ་པར་སྐུལ་འདེད་གཏོང་བའི་རྒྱལ་ཁབ་འཐབ་ཇུས་ལག་བསྟར་བྱེད་པ་གཙོ་གནད་དུ་བཟུང་ནས། “བདེ་ཐང་ཞབས་ཞུ། རྒན་གསོའི་ཞབས་ཞུ། སྤྱི་ཚོགས་འགན་ལེན”བཅས་ཀྱི་མ་ལག་ཆེན་པོ་གསུམ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ་དང་། རྒན་རྒོན་ལས་དོན་གྱི་སྲིད་ཇུས་ལམ་ལུགས་དང་ལས་ཀའི་ལམ་སྲོལ་མགྱོགས་མྱུར་ངང་འཐུས་ཚང་དུ་བཏང་ནས། ཀྲུང་གོའི་ཁྱས་ཆོས་ལྡན་པའི་ཧུར་ཐག་གིས་མི་འབོར་ན་རྒས་ཅན་ལ་ཁ་གཏད་འཇལ་པའི་བགྲོད་ལམ་དུ་བསྐྱོད་དགོས། བདེ་ཐང་ཡིན་པའི་ན་རྒས་ཅན་དེ་འབུར་ཐོན་གྱི་གོ་གནས་སུ་བཞག་ནས་རྒན་རྒོན་གྱི་གཟུགས་པོ་བརྟག་དཔྱད་དང་སྨན་བཅོས་ཞབས་ཞུ། ཁམས་གསོའི་བདག་སྐྱོང་བཅས་ལ་ཤུགས་བསྣན་ཏེ། མཁར་གྲོང་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ་དང་། ལྟ་སྐྱོང་འཇོན་མིའི་དཔུང་ཁག་མགྱོགས་མྱུར་ངང་གསོ་སྐྱོང་བྱས་ཏེ་རིམ་པ་མང་བའི་རྒན་གསོའི་འགན་ལེན་མ་ལག་འཐུས་ཚང་དུ་གཏོང་དགོས། རྒན་རྒོན་གྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རྒན་རྒོན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་། རྒན་རྒོན་ལ་བརྩེ་བའི་སྤྱི་ཚོགས་འཛུགས་སྐྱོང་བཅས་བྱས་ཏེ་རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་སྨན་བཅོས་ཐུབ་པ། རྒས་དུས་ལས་རྒྱུ་ཡོད་པ། རྒས་དུས་བསླབ་རྒྱུ་ཡོད་པ། རྒས་དུས་བདེ་སྐྱིད་ལྡན་པ་བཅས་མངོན་འགྱུར་བྱེད་དགོས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་། ཝན་ཀང་། ཁྲེན་ཞའོ་ཀོང་། ལེང་ཀྲེན་དབྱིང་། ལི་པིན། པ་ཐར། ཝང་ཡུང་ཆིང་། ཀུའུ་ཧྲེང་ཙུའུ། ཧྲའོ་ཧུང་བཅས་ཚོགས་འདུར་ཞུགས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཝེ་ཡིས་ཚོགས་ཐོག་ཏུ་གཏམ་བཤད། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་ཚོགས་འདུར་ཞུགས་ཤིང་བསམ་འཆར་དང་གྲོས་མགོར་གསན་པ་དང་། ཨུ་ཡོན་ཚོ་དང་བསམ་བློ་བརྗེ་རེས་བྱས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།