ཀྲུང་གོ་བོད་ཀྱི་དྲ་བ།

ཧོ་ནན་གྱི་དྲག་ཆར་ཁྲོད་མི69རྐྱེན་ལམ་དུ་ཤོར་བ་དང་མི5གར་སོང་ཆ་མེད་དུ་གྱུར་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.png

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས26ཉིན་གྱི་ཕྱི་དྲོར། ཧོ་ནན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་པ་དང་། ཧོ་ནན་གྱི་ཆར་ཞོད་ཀྱི་མིག་སྔའི་གནས་ཚུལ་ངོ་སྤྲོད་བྱས། གསལ་བསྒྲགས་ལྟར་ན། ཚེས26ཉིན་གྱི་ཆུ་ཚོད12བར་དུ། ཧོ་ནན་ཞིང་ཆེན་ཡོངས་སུ་ཆར་ཞོད་ཀྱི་དབང་གིས་མི69རྐྱེན་ལམ་དུ་ཤོར་བ་དང་མི5གར་སོང་ཆ་མེད་དུ་གྱུར་ཡོད།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།