ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཞོད་འགོག་སྤྱིའི་བྱ་བའི་ཚན་ཆུང་ཧོ་ནན་གནོད་ཐེབས་ས་ཁུལ་དུ་སོང་ནས་ཞོད་འགོག་མྱུར་སྐྱོབ་བྱ་བར་མཛུབ་སྟོན་བྱས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཞོད་འགོག་སྤྱི་ཁྱབ་ཀྱི་དྲུང་ཡིག་ཆེན་མོའམ་འཕྲལ་བསྟུན་དོ་དམ་པུའུ་ཡི་པུའུ་ཀྲང་གཞོན་པ་དང་། ཆུ་བེད་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲོའུ་ཞུའེ་ཝུན་གྱིས་ཚེས24ཉིན་རྒྱལ་ཁབ་ཞོད་འགོག་སྤྱི་ཁྱབ་བྱ་བའི་ཚན་ཆུང་གི་སྣེ་ཁྲིད་དེ། ཧོ་ནན་ཀྲིན་ཀྲིག་དང་། ཧི་པུས། ཨན་དབྱང་སོགས་ས་གནས་སུ་སོང་ནས། ཞོད་འགོག་མྱུར་སྐྱོབ་བྱ་བར་མཛུབ་སྟོན་བྱས། 

ཀྲིན་ཀྲིག་ཏུ། བྱ་བའི་ཚན་ཆུང་གིས་ཡུལ་དངོས་ནས་ས་འོག་ལྕགས་ལམ་ཨང་རྟགས5བའི་སྒོར་འབུད་ས་རུ། ས་འོག་ལྕགས་ལམ་ཀུང་སིའི་གྲ་སྒྲིག་དང་ཆུ་སྒོར་ཕུད་པའི་གནས་ཚུལ་སོགས་ལ་རྒྱུས་ལོན་བྱས། བྱ་བའི་ཚན་ཆུང་གིས་བསྟན་དོན། མུ་མཐུད་དུ་གྲོང་ཁྱེར་གྱི་ཆུ་ཕྱིར་འབུད་བྱ་བ་ཇེ་མགྱོགས་སུ་བཏང་ནས། གང་མགྱོགས་ཀྱིས་སྔ་མོ་ནས་གློག་དང་ཆུ། འཕྲིན་གཏོང་། འགྲིམ་འགྲུལ། སྨན་བཅོས་སོགས་སླར་གསོ་བྱེད་པར་ཆ་རྐྱེན་མཁོ་འདོན་བྱེད་དགོས་ཞེས་བསྟན།

ཧི་པུས་དང་ཨན་དབྱང་དུ་བྱ་བའི་ཚན་ཆུང་གིས་ཡུལ་དངོས་ནས་ཞུན་ཞན་བའེ་ཧུ་ཕིན་སྡེ་བའི་ཉེན་ཁའི་གནས་ཚུལ་ཐག་གཅོད་གནས་ཚུལ་དང་། ཚོས་ཅཱ་ཆའོ་ཞོད་ཆུ་སྒོར་ཕུད་སར་རྟོག་ཞིབ་བྱས་པ་དང་། ས་གནས་ཀྱིས་ཉེན་ཁའི་གནས་ཚུལ་ཐག་གཅོད་བྱ་བར་མཛུབ་སྟོན་བྱས། བྱ་བའི་ཚན་ཆུང་གིས་ནན་གྱིས་བསྟན་དོན། མུ་མཐུད་དུ་ཆུ་གནས་མཐོ་ཤོས་ཀྱི་ཆུ་རག་སྐོར་ཞིབ་འགོག་སྲུང་དང་། ཉེན་ཁའི་གནས་ཚུལ་ཐག་གཅོད་བྱ་བ་ལེགས་པོར་སྒྲུབ་ནས། སྔ་མོ་ནས་རང་འགུལ་སྒོས་མང་ཚོགས་གནས་སྤོར་བྱེད་པ་ལེགས་པོར་སྒྲུབ་དགོས། 

ཧི་པུས་ཁའོ་ཏཱ་སློབ་འབྲིང་གི་བདེ་འགོད་ས་གནས་སུ། བྱ་བའི་ཚན་ཆུང་གིས་གནོད་ཐེབས་ཁང་བར་དཔྱད་འཇོག་དང་། བརྟག་དཔྱད་ཚད་ལེན་བྱས་རྗེས་ད་གཟོད་ཕྱིར་ལོག་ཆོག་པ་དང་། རང་འགུལ་སྒོས་ཕྱིར་ལོག་ནས་མི་སྣ་ཤི་རྨས་བྱུང་བར་གཏན་འགོག་བྱེད་པ་དང་། གནོད་ཐེབས་གནས་ཚུལ་བསྡོམས་རྩིས་བྱ་བར་ཤུགས་བསྣན་ནས་གནོད་ཁུལ་གྱི་མྱུར་སྐྱོབ་དངོས་རྫས་མཁོ་འདོན་ལ་རྩད་ཞིབ་བྱས་ཏེ། རིགས་སོ་སོའི་དངོས་རྫས་སྡེབ་སྒྲིག་བེད་སྤྱོད་གཅིག་གྱུར་དང་། གནོད་ཁུལ་གྱི་རིམས་འགོག་འགོག་བཅོས་ཚོད་འཛིན་ལ་ཤུགས་སྣོན་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།