ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཞིན་ཅང་གི་དམག་སྡེ་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཞིན་ཅང་གི་དམག་སྡེ་བྱ་བར་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། ཀྲུང་དབྱང་ཞིན་ཅང་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་ལ་གོ་བ་མཐིལ་ཕྱིན་ལེན་རྒྱུ་དང་དུས་རབས་གསར་པའི་ཏང་གི་ཞིན་ཅང་སྐྱོང་བའི་ཐབས་ཇུས་འཐུས་ཤོར་མེད་ཅིང་ཡང་དག་པའི་སྒོ་ནས་དངོས་འབེབས་མཐར་ཕྱིན་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམག་སྡེ་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་ནན་མོ་བྱེད་པ། དུས་རབས་གསར་པ་དང་བླང་བྱ་གསར་པར་རུང་བསྟུན་བྱས་ཏེ་བརྟན་འཇགས་མཐའ་སྐྱོང་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་བཅོས་སྒྱུར་གསར་གཏོད་ཁྲོད་རང་སྟེང་གི་ནུས་པ་ཆེ་རུ་སྐྱེད་པ། གོམ་པ་རིམ་བགྲོད་ཀྱིས་ལྷོ་ཕྱོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འགན་རང་ཁུར་གྱི་བསམ་བློའི་རང་རྟོགས་དང་ཆབ་སྲིད་རང་རྟོགས། ལག་ལེན་རང་རྟོགས་བཅས་མངོན་སུམ་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། ཞིན་ཅང་གི་བདེ་སྡོད་ཡུན་སྐྱོང་དང་རྒྱལ་ཁབ་ཀྱི་མཐའ་མཚམས་སྲ་བརྟན་གཏོང་བར་བྱས་རྗེས་གསར་པ་འཇོག་དགོས།

ཝང་དབྱང་གིས་ནན་གྱིས་བསྟན་དོན། དམག་སྡེས་ལོ་རྒྱུས་ལ་བཞག་པའི་བྱས་རྗེས་ནི་གཞོམ་གཞིག་བྲལ་བ་ཡིན་ལ། དམག་སྡེའི་འཐབ་ཇུས་བྱེད་ནུས་ནི་སུ་དང་གང་གིས་ཀྱང་ཚབ་བྱེད་མི་རུང་། མུ་མཐུད་དུ་བརྟན་འཇགས་མཐའ་སྲུང་བྱེད་རྒྱུ་ནི་དམག་སྡེའི་འགན་འཁྲི་དང་པོར་བརྩིས་ནས། གནས་ཐིག་གཏན་འཁེལ་དང་དུས་རྒྱུན་གྱི་བྱ་དམ་པོར་འཛིན་པ། དམག་སྡེ་དང་ས་ཁུལ་བར་རིམ་པ་མང་ལ་རྣམ་པ་སྣ་ཚོགས་ཡིན་པའི་བརྗེ་རེས་ལམ་ལུགས་བསྐྲུན་པར་འཚོལ་དཔྱོད་བྱེད་པ། རིགས་སོ་སོའི་མང་ཚོགས་བར་གྱི་བརྗེ་རེས་དང་རོགས་རམ་བཅས་ལ་ཤུགས་བསྣན་ཏེ། དུས་རབས་གསར་པའི་དམག་སྡེའི་བརྟན་འཇགས་མཐའ་སྐྱོང་ནུས་པའི་དགེ་མཚན་གསར་པ་འབད་པས་སྐྲུན་དགོས།

 ཀྲིན་ཆོན་ཀོ་དང་ཡིག་ཆོན་གཉིས་ཀྱིས་རྟོག་ཞིབ་བྱེད་རོགས་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།