ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སུ་རྟོག་ཞིབ་གནང་བར་རིགས་སོ་སོའི་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་ཆེན་པོ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བོད་ལྗོངས་ཞི་བས་བཅིངས་འགྲོལ་བྱས་ཏེ་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་འདིར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་ལྗོངས་སུ་ཕེབས་ཏེ་བོད་ལྗོངས་ཞི་བས་བཅིངས་འགྲོལ་བྱས་ནས་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུས་པར་མ་ཟད། བོད་ལྗོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཚོར་དུ་བཅུག  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་ལྗོངས་སུ་ཕེབས་པ་དེས་མི་སེམས་ལ་ངར་ཤུགས་བསྩལ་བ་དང་། བོད་ལྗོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་དྲོད་ཁོལ་ཆེན་པོ་བསྩལ། ཚང་མས་ངེས་པར་དུ་ཁྱོན་ཡོངས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དངོས་འབེབས་བྱས་ཏེ། གངས་ལྗོངས་མཐོ་སྒང་གི་བདེ་སྡོད་ཡུན་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་འབད་པས་རྩོམ་དགོས་ཟེར།

ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་དངོས་སུ་བཏོད་མགོ་བརྩམས་ཟིན་པས། ལོ་རྒྱུས་ཀྱི་སྐས་རྐང་གསར་པའི་སྟེང་འགྲེང་ནས་འབད་འབུངས་བྱེད་ཀྱིན་པའི་བོད་ལྗོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་མགྲིན་གཅིག་དབྱངས་གཅིག་གིས་བཤད་དོན། ངེས་པར་དུ་སེམས་ཤུགས་གཅིག་སྒྲིལ་དང་དཀའ་སྤྱད་མདུན་སྐྱོད་བྱས་ཏེ། མཐུན་སྒྲིལ་འབྱོར་ཕྱུག་དང་དཔལ་ཡོན་འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་པར་འབད་འབུངས་གང་ལེགས་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།