ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་ནན་མོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཁང་གིས་ས་གནས་དམངས་ཆེན་གྱིས་སྲིད་གཞུང་གི་བུན་དངུལ་ལས་དོན་ལ་རྩིས་བཤེར་ལྟ་སྐུལ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས་པའི་སྐོར་གྱི་བསམ་འཆར་ཞེས་པ་དཔར་ནས་བཀྲམ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐབས་ཤེས་ཅི་ཡོད་བཏོན་ཏེ་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་དངོས་འབེབས་བྱེད་ཀྱིན་པའི་ཐད་མཐོང་ཆེན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཡིག་ཆའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པའི་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས་ཏེ། རྩ་འཛུགས་ལག་བསྟར་ནན་མོ་བྱེད་དགོས་པར་བླང་བྱ་བཏོན་ནས། ས་གནས་དམངས་ཆེན་གྱིས་སྲིད་གཞུང་གི་བུན་དངུལ་ལས་དོན་ལ་ཞིབ་བཤེར་ལྟ་སྐུལ་བྱེད་ཤུགས་ཇེ་དྲག་ཏུ་བཏང་།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཏང་ཀྲུང་དབྱང་གིས་ས་གནས་སྲིད་གཞུང་གི་བུན་དངུལ་ཉེན་ཁ་འགོག་སྲུང་བྱ་བར་མཐོང་ཆེན་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་དུ་མར་མཆན་བཀོད་མཛུབ་སྟོན་གནང་བ་དང་ཏང་ཀྲུང་དབྱང་གིས་ཇུས་ཆོད་བཀོད་སྒྲིག་བྱས་ཏེ། རིམ་པ་སོ་སོའི་ས་གནས་ཏང་ཨུ་དང་སྲིད་གཞུང་གིས་སྲིད་དོན་གྲུབ་འབྲས་ཀྱི་ལྟ་བ་ཡང་དག་བཙུགས་ཏེ། ས་གནས་སྲིད་གཞུང་གི་བུན་དངུལ་གྲངས་ཀ་འཕར་བར་ཚོད་འཛིན་ནན་མོ་བྱེད་པ་ལ་མི་ཚེ་གང་བོར་རྩད་ཞིབ་དང་འོས་འགན་དང་ལེན་བྱེད་དགོས། ཡིག་ཆས་ལག་ལེན་ཉམས་མྱོང་ལ་སྤྱི་སྡོམ་བྱས་པ་དང་། ས་གནས་སྲིད་གཞུང་གིས་བུན་དངུལ་ལ་དོ་དམ་དང་ལྟ་སྐུལ་བྱེད་པའི་ལས་རིམ་ཁྲོད་གནས་པའི་གནད་དོན་འབུར་ཐོན་དང་ལས་རིམ་གཉོམ་ཞན་ལ་ཁ་གཏད་འཇལ་བར། ས་གནས་དམངས་ཆེན་གྱིས་སྲིད་གཞུང་གི་བུན་དངུལ་ལ་རྩིས་བཤེར་ལྟ་སྐུལ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བའི་ཐད་ཁྱོན་ཡོངས་དང་མ་ལག་ལྡན་པའི་ངང་ནས་གཏན་འབེབས་བྱེད་དོན་ནི། ལས་རིམ་འདི་ལ་མཛུབ་སྟོན་གལ་ཆེན་འདོན་སྤྲོད་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།