ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་འགག་འགྲམ་གཉིས་ཀྱི་ན་གཞོན་འཕེལ་རྒྱས་གླེང་སྟེགས་སྐབས་བཞི་པ་ཧང་ཀྲིག་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཚོ་འགག་འགྲམ་གཉིས་ཀྱི་ན་གཞོན་འཕེལ་རྒྱས་གླེང་སྟེགས་སྐབས་བཞི་པ་ཚེས་ཉེར་གསུམ་ཉིན་ཀྲི་ཅང་ཞིང་ཆེན་ཧང་ཀྲིག་གྲོང་ཁྱེར་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གླེང་སྟེགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་ལ་འཕྲིན་ཡིག་བསྐུར་ཏེ་རྟེན་འབྲེལ་ཞུས་པར་མ་ཟད། ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚབ་བྱས་ནས་གླེང་སྟེགས་བསྡུས་པར་རྟེན་འབྲེལ་ཞུས།

ཝང་དབྱང་གིས་བསྟན་དོན། ན་གཞོན་ནི་རྒྱལ་ཁབ་ཀྱི་མ་འོངས་པ་དང་མི་རིགས་ཀྱི་རེ་བ་ཡིན་ལ། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་མ་འོངས་པ་དང་རེ་ལྟོས་ཀྱང་ཡིན། མེས་རྒྱལ་སྐམ་ས་ཆེན་མོའི་ཐེ་ཝན་ཚུད་པའི་ན་གཞོན་ཡོངས་ཀྱི་འཚར་ལོངས་གོམ་འགྲོས་ལ་ཐུགས་ཁུར་བསམ་ཤེས་བྱེད་ཀྱིན་ཡོད་ཅིང་། སྤྲོ་སེམས་འཁོལ་བའི་ངང་ནས་མཚོ་འགག་འགྲམ་གཉིས་ཀྱི་ན་གཞོན་རྣམས་ཕན་ཚུན་འབྲེལ་འདྲིས་གཏིང་ཟབ་དང་བསམ་བློ་བརྗེ་རེས་ཡོང་བའི་ཐད་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པར་མ་ཟད། མཚོ་འགག་འགྲམ་གཉིས་ཀྱི་ན་གཞོན་ཡོངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་རིང་བའི་ལོ་རྒྱུས་དང་གཟི་དཔལ་འབར་བའི་རིག་གནས་ཀྱི་ཐུན་མིན་མཛེས་སྡུག་ལ་མཉམ་དུ་རོལ་མྱོང་བྱེད་པ་དང་ཉེ་རབས་ཚུན་ལ་བྱུང་བའི་མེས་རྒྱལ་གྱི་འགྱུར་ལྡོག་ལ་མཉམ་དུ་བསམ་ཞིབ་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འབར་བའི་མདུན་ལྗོངས་ལ་མཉམ་དུ་རྒྱང་ལྟ་བྱེད་པ་བཅས་བྱས་ཏེ། ཀྲུང་གོ་པ་ཞིག་ལ་ཡོད་འོས་པའི་བློ་གཤོག་དང་ལ་རྒྱ་ཆེ་ཆེར་རྒྱས་སུ་འཇུག་དགོས། །


རྩོམ་སྒྲིག་པ། : ཀླུ་མོ་མཚོ།