ཀྲུང་གོ་བོད་ཀྱི་དྲ་བ།

《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས16ཉིན་དཔར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས17པའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ《ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད》ཅེས་པ་སྤེལ།

རྩོམ་ཡིག་ཏུ་ནན་གྱིས་བསྟན་དོན། འདས་པའི་ལོ་ངོ་བརྒྱའི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་ཁྱད་དུ་འཕགས་པའི་རྒྱུགས་ཤོག་ཅིག་སྤྲད་ཡོད་པ་དང་། ད་ལྟར། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཡང་བསྐྱར་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུའི་རྒྱུགས་སྤྲོད་ཀྱི་ལམ་གསར་དུ་གོམ་པ་སྤོས། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་ཡུན་གཏན་གྱི་བྱ་གཞག་རླབས་པོ་ཆེའི་ཆེད་དུ་བརྩོན་རྒྱུའི་སེམས་ཐག་བཅད་ཡོད་ལ། ལོ་བརྒྱའི་དུས་ནི་ལང་ཚོའི་དར་སྒང་རེད། འདས་པར་ཕྱིར་དྲན་དང་མ་འོངས་པར་རྒྱང་ལྟ་བྱས་ཚེ། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་བརྟན་པོ་ཡོད་པ་དང་། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་དམ་ཟབ་ཡོད་ན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཁྱོན་ཡོངས་ནས་བསྐྲུན་རྒྱུའི་དམིགས་འབེན་མངོན་འགྱུར་བྱ་ཐུབ་ངེས་ཡིན་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱ་ཐུབ་ངེས་ཡིན།

རྩོམ་ཡིག་ཏུ་བསྟན་དོན། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་རྒྱུན་ཆད་མེད་པར་འབད་འཐབ་བྱས་པ་བརྒྱུད། ང་ཚོས་ལོ་བརྒྱ་ཕྲག་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་པ་དང་། ཀྲུང་གོའི་ས་གཞི་ཆེན་མོའི་སྟེང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པ་དང་། ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་བལྟོས་མེད་དབུལ་ཕོངས་ཀྱི་གནད་དོན་ཐག་བཅད་པ་དང་། བློ་སྟོབས་ཆེར་བསྐྱེད་ཀྱི་སྒོ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཁྱོན་ཡོངས་ནས་བསྐྲུན་པའི་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་སྐྱོད་སྒང་ཡིན།

རྩོམ་ཡིག་ཏུ་བསྟན་དོན། ལོ་ངོ་བརྒྱའི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་བསྒྲུབས་པའི་འབད་འཐབ་ཡོད་ཚད་དང་། བློས་གཏོང་ཡོད་ཚད། གསར་གཏོད་ཡོད་ཚད་ལ་མདོར་བསྡུས་ན་བརྗོད་དོན་གཙོ་བོ་གཅིག་ཡོད་དེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་འབྱུང་རྒྱུ་དེ་ཡིན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་འབྱུང་ཆེད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་ཡི་རླབས་ཆེན་གྲུབ་འབྲས་བསྐྲུན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་རླབས་ཆེན་གྲུབ་འབྲས་བསྐྲུན་པ། བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རླབས་ཆེན་གྲུབ་འབྲས་བསྐྲུན་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྲུབ་འབྲས་བསྐྲུན་པ་བཅས་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་ཀྱི་འབད་འཐབ་ལ་བརྟེན་ནས་འཛམ་གླིང་ལ་ཀྲུང་ཧྭ་མི་རིགས་ཀྱིས་ཡར་ལངས་པ་ནས་འབྱོར་ཕྱུག་ལྡན་པར་གྱུར་པ་དང་དེ་ནས་སྟོབས་ལྡན་དུ་གྱུར་པའི་རླབས་ཆེའི་འཕུར་སྐྱོད་བསུས་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་འབྱུང་རྒྱུ་དེ་ནི་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཞིག་ཏུ་བསྐྱོད་ཡོད་ཅེས་བརྗིད་ཉམས་ལྡན་པའི་ངང་ཁྱབ་སྒྲོག་བྱས་ཡོད།

རྩོམ་ཡིག་ཏུ་བསྟན་དོན། ལོ་ངོ་བརྒྱའི་གོང་རོལ་ཏུ། ཀྲུང་གོ་གུང་ཁྲན་ཏང་གི་སྔོན་རབས་པ་ཚོས་ཀྲུང་གོ་གུང་ཁྲན་ཏང་བསྐྲུན་པ་དང་། བདེན་དོན་རྒྱུན་འཁྱོངས་དང་། ཕུགས་བསམ་བརྟན་སྲུང་། ཐོག་མའི་དམ་བཅའ་ལག་བསྟར། འགན་འཁྲི་ཁག་ཁུར། བློས་གཏོང་བར་མི་སྐྲག་པ། དཔའ་ངར་འཐབ་འཛིང་བྱེད་ཕོད་པ། ཏང་ལ་བློ་དཀར་བ། མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བའི་རླབས་ཆེན་ཏང་འཛུགས་ཀྱི་སྙིང་སྟོབས་གྲུབ་ཟིན་པ་དང་། འདི་ནི་ཀྲུང་གོ་གུང་ཁྲན་ཏང་གི་བསམ་པའི་འབྱུང་ཁུངས་ཡིན། ལོ་ངོ་བརྒྱའི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གིས་རླབས་ཆེན་ཏང་འཛུགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་བ་དང་། དུས་ཡུན་རིང་པོའི་འབད་འཐབ་ཁྲོད་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་བློའི་རྒྱུན་བསྐྲུན་པ་དང་། མངོན་པར་གསལ་བའི་ཆབ་སྲིད་གཤིས་སྤྱོད་ཞུན་བརྡར་བྱས། ང་ཚོས་རྒྱུན་ཆད་མེད་པར་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་དང་། གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་བྱེད་དགོས་ལ། རླབས་ཆེན་ཏང་འཛུགས་སྙིང་སྟོབས་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས་པ་དང་། དར་སྤེལ་ཆེན་པོ་གཏོང་དགོས།

རྩོམ་ཡིག་ཏུ་བསྟན་དོན། ལོ་རྒྱུས་མེ་ལོང་དུ་བཟུང་ན། དར་རྒུད་རྟོགས་ཐུབ། ང་ཚོས་ལོ་རྒྱུས་ལ་བརྟེན་ནས་དེང་རབས་མཚོན་པར་བྱེད་དགོས་ལ། མ་འོངས་པར་རྒྱང་གཟིགས་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཁྲོད་ནས་འདས་པའི་དུས་སུ་ང་ཚོས་ཅིའི་ཕྱིར་རྒྱལ་ཁ་ལོན་པ་གསལ་པོར་ཤེས་དགོས་པ་དང་། མ་འོངས་པར་ང་ཚོས་ཇི་ལྟར་བྱས་ན་ད་གཟོད་མུ་མཐུད་དུ་རྒྱལ་ཁ་ལོན་པ་རྟོགས་དགོས། དེ་ལ་བརྟེན་ནས་བགྲོད་ལམ་གསར་པའི་སྟེང་སྔར་ལས་ཆོད་སེམས་ལྡན་པ་དང་། སྔར་ལས་རང་རྟོགས་ཀྱིས་ཐོག་མའི་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས། མཛེས་སྡུག་གི་མ་འོངས་པ་བསྐྲུན་དགོས། ལོ་རྒྱུས་མེ་ལོང་དུ་བཟུང་ནས། མ་འོངས་པ་བསྐྲུན་དགོས་ན། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་བརྟན་པོ་ངེས་པར་རྒྱུན་འཁྱོངས་བྱེད་དགོས་ཤིང་། ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མཛེས་སྡུག་འཚོ་བའི་ཐད་ངེས་པར་མུ་མཐུད་འབད་འཐབ་བྱ་དགོས་ལ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་ངེས་པར་མུ་མཐུད་སྐུལ་འདེད་གཏོང་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ངེས་པར་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་ལ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་ཚད་ངེས་པར་ཇེ་མགྱོགས་སུ་གཏོང་དགོས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ངེས་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པ་དང་། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་གང་མང་ལྡན་པར་ངེས་པར་རླབས་ཆེན་གྱི་འཐབ་རྩོད་བྱེད་དགོས། ཀྲུང་ཧྭའི་བུ་དང་བུ་མོའི་མཐུན་སྒྲིལ་ཆེན་མོར་ངེས་པར་ཤུགས་སྣོན་དགོས་ལ། ཏང་གི་འཛུགས་སྐྲུན་གྱི་རླབས་ཆེའི་བཟོ་འགོད་ལ་ངེས་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།

རྩོམ་ཡིག་ཏུ་ཀྲུང་གོ་གུང་ཁྲན་ཏང་ཡོན་ཡོངས་ཀྱིས་ཐོག་མའི་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་དང་། ཕུགས་བསམ་དད་སེམས་ལ་འགྱུར་བ་མེད་པ། ཏང་གི་རྩ་བའི་དམིགས་དོན་ལག་ཏུ་བསྟར་བ། ནམ་ཡང་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་ཟབ་མོ་རྒྱུན་སྲུང་བྱེད་པ། ཐོག་མཐའ་བར་གསུམ་དུ་མི་དམངས་དང་བསམ་ཕྱོགས་གཅིག་པ། ལས་ཀ་མཉམ་དུ་བྱེད་པ། ཆར་རླུང་མཉམ་དུ་བསུ་བ། སྐྱིད་སྡུག་མཉམ་དུ་མྱོང་བ་བཅས་བྱས་ཏེ། མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་སྨོན་མངོན་འགྱུར་གྱི་ཆེད་དུ་མུ་མཐུད་དུ་འབད་བརྩོན་ལྷོད་མེད་བྱེད་དགོས་པ་དང་། ཏང་དང་མི་དམངས་ལ་སྔར་ལས་ཆེ་བའི་གཟི་བརྗིད་བརྩོན་ལེན་བྱ་ཆེད་ཧུར་བརྩོན་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།