ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ་བཟོ་བཅོས་བྱས་རྗེས་ཀྱི་ཕག་བཤའ་བའི་དོ་དམ་སྲོལ་ཡིག་ལག་བསྟར་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ། བཟོ་བཅོས་བྱས་རྗེས་ཀྱི་ཕག་བཤའ་བའི་དོ་དམ་སྲོལ་ཡིག་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བརྒྱད་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

བཟོ་བཅོས་བྱས་རྗེས་ཀྱི་སྲོལ་ཡིག་ལས་གཙོ་བོ་ཕག་བཤའ་བའི་བརྒྱུད་རིམ་ཡོངས་ཀྱི་དོ་དམ་འཐུས་ཚང་དུ་གཏོང་བ་དང་། སྲོག་ཆགས་ཀྱི་རིམས་ནད་འགོག་བཅོས་ནུས་པ་འཐུས་ཚང་དུ་གཏོང་བ། བཅའ་ཁྲིམས་འགན་འཁྲི་འཐུས་ཚང་དུ་གཏོང་བ་བཅས་ཕྱོགས་གསུམ་ནས་ཕག་བཤའ་བའི་དོ་དམ་ལ་སྔར་ལས་ཤུགས་སྣོན་པ་དང་ཚད་ལྡན་དུ་གཏོང་བའི་ཐད་ལ་གཏན་འཁེལ་བྱས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།