རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་བསྐོ་འཐེན་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་བསྐོ་འཐེན་བྱས། 

ཀུའོ་ཝེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པར་བསྐོ་གཞག་བྱས་པ་དང་། ཞང་ཏུང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པར་བསྐོ་གཞག་བྱས་པ་དང་། ཝང་ཨན་ནན་རྨ་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་བསྐོ་གཞག་བྱས་པ་དང་། ཧན་ཅེ་ཚའེ་ཧའར་པིན་བཟོ་ལས་སློབ་ཆེན་གྱི་སློབ་གཙོ(པུའུ་ཀྲང་གཞོན་པ་རིམ་པ)ལ་བསྐོ་གཞག་བྱས་པ་རེད།

ཀུའོ་ཝེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པའི་གོ་གནས་ནས་ཕྱིར་འཐེན་བྱས་པ་དང་། ཡུའེ་ཀྲུང་མིང་རྨ་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་གོ་གནས་ནས་ཕྱིར་འཐེན་བྱས་པ་དང་། ཀྲོའུ་ཡུའུ་ཧའར་པིན་བཟོ་ལས་སློབ་ཆེན་གྱི་སློབ་གཙོ་ཡི་གོ་གནས་ནས་ཕྱིར་འཐེན་བྱས་པ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།