ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་བོད་ལྗོངས་ཉིང་ཁྲི་རུ་རྟོག་ཞིབ་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་ཚེས21ཉིན་བོད་ལྗོངས་སུ་རྟོག་ཞིབ་གནང་བར་ཕེབས། ཉིན་དེའི་སྔ་དྲོར། ཞི་ཅིན་ཕིང་གནམ་གྲུར་བསྡད་དེ་ཉིང་ཁྲིའི་སྨན་གླིང་གནམ་གྲུ་འབབ་ཚིགས་སུ་སླེབས་ཤིང་། བོད་ལྗོངས་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། དེའི་རྗེས། ཁོང་རླངས་འཁོར་བསྡད་ནས་མྱང་ཆུའི་ཟམ་ཆེན་དུ་སླེབས་པ་དང་། ཡར་ཀླུང་གཙང་བོ་དང་མྱང་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་། ཉིན་དེའི་ཕྱི་དྲོར། ཞི་ཅིང་ཕིང་སྔ་རྗེས་སུ་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁྱེར་འཆར་འགོད་ཁང་དང་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་སྡེ་བ། ཀོང་པོ་སྤྱི་གླིང་བཅས་སུ་ཕེབས་ནས། གྲོང་ཁྱེར་གྱི་འཕེལ་རྒྱས་འཆར་འགོད་དང་གྲོང་གསེབ་དར་སྤེལ། གྲོང་ཁྱེར་སྤྱི་གླིང་འཛུགས་སྐྲུན་སོགས་ཀྱི་བྱ་བར་རྟོག་ཞིབ་གནང་། ཚེས22ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ཉིང་ཁྲི་མེ་འཁོར་འབབ་ཚིགས་སུ་ཕེབས་ནས་ཁྲོན་བོད་ལྕགས་ལམ་གྱི་སྤྱིའི་འཆར་འགོད་དང་ལྷ་ས་ནས་ཉིང་ཁྲི་བར་གྱི་འཛུགས་སྐྲུན་འཁོར་རྒྱུག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། དེ་ནས་མེ་འཁོར་ལ་བསྡད་དེ་ལྷ་སར་ཕེབས་པ་དང་། ཡུལ་དངོས་སུ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ལམ་རྒྱུད་འཛུགས་སྐྲུན་གྱི་གནས་ཚུལ་ལ་གཟིགས་ཞིབ་གནང་ལ། འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་གནང་།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།