ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱུན་ཨུའི་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7པའི་ཚེས21ཉིན་ནས་ཚེས22ཉིན་བར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའམ། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྲིན་ཡོས་ཡོས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྒྱུན་ཨུའི་རྒྱ་བསྐྱེད་གྲོས་ཚོགས་སྟེང་ཞུགས་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་ནི་མར་ཁེ་སི་རིང་ལུགས་ཀྱི་རྩ་གནད་རང་བཞིན་གྱི་ཡིག་ཚང་དང་། དུས་རབས་གསར་བ་དང་མདུན་བསྐྱོད་གསར་བའི་བྱེད་སྟངས་ཕྱོགས་སྟོན་ཞིག་ཡིན། རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བྱས་ཏེ་དམ་འཛིན་བྱེད་པ་དང་། རང་འགུལ་སྒོས་ཏང་གི་ཁྱོན་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་དང་། “འདུ་ཤེས་བཞི”མཐོར་འདེགས་དང་། “ཡིད་ཆེས་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་པར་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར། ཆབ་སྲིད་འགན་འཁྲི་ཕྲག་ཏུ་བླངས་ཏེ། འབྲེལ་ཟམ་སྣེ་ཁྲིད་ལེགས་པོ་བྱེད་པ་དང་། རླབས་ཆེ་བའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གྱིས། “ངེས་པ་དགུ”ལག་ཏུ་བསྟར་ནས། རྒྱ་ཆེའི་བུད་མེད་ཀྱི་སྣེ་ཁྲིད་དེ་ཏང་གི་སྐད་ཆར་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་ཏེ། རང་འགུལ་སྒོས་རླབས་ཆེན་འབོད་སྐུལ་དོན་འཁྱོལ་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བུད་མེད་ཀྱི་སྟོབས་ཤུགས་འབུལ་དགོས་ཞེས་བསྟན། 

གྲོས་ཚོགས་ཀྱིས“ལོ་ལྔའི་འཆར་གཞི་བཅུ་བཞི་བའི”དུས་སྐབས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་འཕེལ་རྒྱས་འཆར་འགོད་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་མ་ལག་བཅོས་བསྒྱུར་བྱེད་ཐབས་ཟབ་སྤེལ་ཐད་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ། ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཧོང་ཞའོ་བའེ་ཡིས་སྤྱི་བསྡོམས་གཏམ་བཤད་གནང་།  །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།