ཀྲུང་གོ་བོད་ཀྱི་དྲ་བ།

​ཟླ1པོ་ནས་ཟླ6པའི་བར་དུ་གྲོང་རྡལ་གྱི་གསར་བསྣན་ལས་ཞུགས་མི་གྲངས་ཁྲི698འཕར་བ་དང་ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་གྱི63.5%ལེགས་འགྲུབ་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས22ཉིན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་ཤེས་གསལ་ལྟར་ན། ཕྱོགས་བསྡུས་བསྡོམས་རྩིས་ཞིབ་བཤེར་ཚད་ལེན་དང་བརྟག་བཤེར་གནས་ཚུལ་ལ་གཞིགས་ན། ད་ལོའི་ལོ་སྟོད་ལ། རང་རྒྱལ་གྱི་ལས་ཞུགས་གནས་བབ་རིམ་བཞིན་བརྟན་འཇགས་དང་སྲ་བརྟན་དུ་འགྲོ་བཞིན་ཡོད།

ཟླ1པོ་ནས་ཟླ6པའི་བར་དུ། གྲོང་རྡལ་གྱི་གསར་བསྣན་ལས་ཞུགས་མི་གྲངས་ཁྲི698ལ་སླེབས་ཤིང་དུས་མཉམ་ལས་མི་ཁྲི134འཕར་ལ། ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་གྱི63.5%འཕར་ཡོད། རྒྱལ་ཡོངས་ཀྱི་གྲོང་རྡལ་དུ་བརྟག་བཤེར་བྱས་པའི་ལས་ཤོར་བྱུང་ཚད་དེ་ཟླ5པའི5.5%ནས་རིམ་བཞིན་ཟླ6པར5%ལ་སླར་གསོ་བྱུང་བ་དང་། རིམས་ནད་མ་བྱུང་སྔོན་གྱི་ཆུ་ཚད་ལ་སླེབས་ཡོད། ད་ལོའི་ཚུན་ནས་བཟུང་། ལས་ཞུགས་ཀྱི་ལྟེ་གནས་དམིགས་ཚད་མངོན་གསལ་དུ་བཏང་སྟེ། རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་དང་བསྟུན་ནས་བརྟན་བརླིང་ཁྲོད་སྲ་བརྟན་དང་བརྟན་བརླིང་ཁྲོད་ཇེ་ལེགས་སུ་སོང་ལ། ལས་ཞུགས་གནས་བབ་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་ཡོད།

ཉེ་བའི་ལོ་འགའི་རིང་། སྟེགས་བུའི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་ནས་ལས་ཞུགས་ཀྱི་གོ་སྐབས་འབོར་ཆེན་ཞིག་གསར་སྐྲུན་བྱས་ལ། དྲ་སྦྲེལ་དྲ་བའི་སྟེགས་བུར་བརྟེན་ནས་དྲ་རྒྱའི་ཟོག་སྐྱེལ་བ་དང་དྲ་རྒྱའི་རླངས་འཁོར་ཁ་ལོ་བ། དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་ཁ་ལོ་བ། དྲ་སྦྲེལ་དྲ་བའི་ཕྱིར་འཚོང་མཁན་སོགས་ཀྱི་ལས་ཞུགས་གསར་བའི་རྣམ་པའི་ངལ་རྩོལ་པའི་ཁ་གྲངས་ཚད་མཐོན་པོས་ཇེ་མང་དུ་སོང་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།