ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་དོ་དམ་ཏང་གི་འགྲོ་གྲོན་ཁྲོད་ནས་མ་དངུལ་སྒོར་ཁྲི2000བཏང་ནས་ཧོ་ནན་ཞིང་ཆེན་གྱི་ཞོད་འགོག་གནོད་སེལ་ཐད་བཀོལ་བ་རེེད།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་དོ་དམ་ཏང་གི་འགྲོ་གྲོན་ཁྲོད་ནས་མ་དངུལ་སྒོར་ཁྲི2000བཏང་ནས་ཧོ་ནན་ཞིང་ཆེན་གྱི་ཞོད་འགོག་གནོད་སེལ་བྱ་བར་རྒྱབ་སྐྱོར་བྱས།

ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཧོ་ནན་སོགས་གནོད་ཐེབས་ས་ཁུལ་གྱི་རིམ་པ་སོ་སོའི་རྩ་འཛུགས་སྡེ་ཁག་གིས་ཏན་ཏིག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་བྱེད་པ་དང་། རང་འགུལ་སྒོས་འགན་འཁྲི་ཕྲག་ཏུ་བླངས་ཏེ། མདུན་དུ་བསྐྱོད་པ་དང་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱི་སྣེ་ཁྲིད་དེ། ལས་བྱེད་པའི་འཐབ་རྩོད་ཀྱི་བྱེད་ནུས་དང་སྔོན་ཐོན་དཔེ་ལེགས་བྱེད་ནུས་འདོན་སྤེལ་བྱས་ནས། སྟོབས་ཤུགས་ཡོད་རྒུས་ཞོད་འགོག་གནོད་སེལ་དང་གནོད་ཤུལ་བསྐྱར་སྐྲུན་སོགས་ཀྱི་བྱ་བ་ལེགས་པོར་སྒྲུབ་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན། 

ཀྲུང་དབྱར་རྩ་འཛུགས་པུའུ་ཡིས་ནན་གྱིས་བསྟན་དོན། ཏང་གི་འགྲོ་གྲོན་འདི་དུས་ཐོག་ཏུ་གཞི་རིམ་དུ་སྟེར་དགོས་པ་དང་། ཆེད་སྤྱོད་མ་དངུལ་ཆེད་བཀོལ་དང་། གཙོ་བོ་ཞོད་འགོག་གནོད་སེལ་གྱི་ཡུལ་དངོས་དང་པོའི་གཞི་རིམ་ཏང་ཡོན་དང་ལས་བྱེད་མང་ཚོགས། གནོད་ཐེབས་ཛ་དྲག་ཡིན་ཞིང་འཚོ་བར་དཀའ་ཁག་འཕྲད་པའི་ཏང་ཡོན་དང་མང་ཚོགས་ལ་འཚམས་འདྲི་བྱེད་པའི་ཐད་བཀོལ་དགོས་ཞེས་བསྟན།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།