ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཀྲན་ཧྲུའུ་ཡིས་ཝུ་ར་ཀུའེ་ཡི་ཙུང་ཐུང་གཞོན་པའམ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་དང་གྲོས་ཁང་གོང་མའི་གྲོས་དཔོན་ཨ་ཞིས་མོང་དང་གྲོས་མོལ་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས21ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་བརྙན་ལམ་ནས་ཝུ་ར་ཀུའེ་ཡི་ཙུང་ཐུང་གཞོན་པའམ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་དང་གྲོས་ཁང་གོང་མའི་གྲོས་དཔོན་ཨ་ཤིས་མོང་དང་གྲོས་མོལ་གནང་། 

  

ཟླ7པའི་ཚེས21ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་བརྙན་ལམ་ནས་ཝུ་ར་ཀུའེ་ཡི་ཙུང་ཐུང་གཞོན་པའམ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་དང་གྲོས་ཁང་གོང་མའི་གྲོས་དཔོན་ཨ་ཤིས་མོང་དང་གྲོས་མོལ་གནང་།   

ལི་ཀྲན་ཧྭའུ་ཡིས་བཤད་རྒྱུར། ཀྲུང་ཝུ་གཉིས་ནི་གྲོགས་པོ་བཟང་བོ་དང་རོགས་ཟླ་བཟང་བོ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ལཱ་ཁ་ལེ་ཡི་ཐུན་མོང་གི་སྣེ་ཁྲིད་འོག ཀྲུང་ཝུ་ཡི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཆུ་ཚད་མཐོན་པོས་འཁོར་རྒྱུག་བྱེད་ཀྱིན་ཡོད། རྒྱལ་ཁབ་གཉིས་ཀྱིས་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་ཕན་ཚུན་བརྩི་འཇོག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་བར་ཞི་མཐུན་མཉམ་གནས་དང་མཉམ་ལས་གཉིས་ཁེའི་མིག་དཔེར་གྱུར་ཡོད། ཀྲུང་གོས་ཝུ་ར་ཀུའེ་དང་མཉམ་ལས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་གི་ངོས་འཛིན་གལ་ཆེན་ཐུན་མོང་ཐོག་དོན་འཁྱོལ་ཡག་པོ་བྱས་ནས། ཀྲུང་ཝུ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་བ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད། 

ལི་ཀྲན་ཧྲུའུ་ཡིས་བསྟན་དོན། ཀྲུང་ཝུ་ཡི་འབྲེལ་བ་ཡུན་རིང་དང་བརྟན་བརླིང་འཕེལ་རྒྱས་བྱུང་ན་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་དོན་དངོས་ཀྱིས་ར་སྤྲད་ཡོད། ཕྱོགས་གཉིས་པོས་མུ་མཐུད་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་དགོས། རིམས་འགོག་མཉམ་ལས་རྒྱ་ཆེར་གཏོང་བ་དང་། སྤྱི་ཚོགས་རིག་གནས་འབྲེལ་འདྲིས་གཏིང་ཟབ་ཏུ་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ།  ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། ཕྱོགས་མང་ལས་དོན་མཉམ་སྒྲུབ་ལ་ཤུགས་སྣོན་བརྒྱབ་སྟེ་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་ཚོང་དོན་རྩ་འཛུགས་སོགས་ཕྱོགས་མང་སྒྲིག་གཞིའི་ཁྲོད་གཞོགས་འདེགས་དམ་ཟབ་བྱེད་པ་དང་། ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ཤིས་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱས་ནས། ཀྲུང་གོ་དང་ལ་ཏིང་མེ་གླིང་བར་གྱི་སྤྱི་ཡོངས་ཀྱི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱེད་དགོས།

ལི་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཝུ་ར་ཀུའེ་རྒྱལ་ཚོགས་དང་མཉམ་དུ་འབྲེལ་འདྲིས་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད། མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་ནས་ཆེད་དོན་ཨུ་ཡོན་ལྷན་ཁང་དང་མཛའ་མཐུན་ཚོ་ཆུང་སོགས་རིམ་པ་སོ་སོའི་མཛའ་མཐུན་འགྲོ་འོང་ཇེ་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད། ཁྲིམས་འཛུགས་ཀྱི་ཉམས་མྱོང་བརྗེ་རེས་གཏིང་ཟབ་ཏུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། དབུལ་ཕོངས་སེལ་བ། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་གྲོས་གཞིའི་ཐད་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་དགོས། འབྲེལ་ཡོད་བཅའ་ཁྲིམས་ཡིག་ཆར་དུས་ཐོག་ཏུ་ཆོག་མཆན་དང་བཟོ་བཅོས་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ལ་བཅའ་ཁྲིམས་དང་སྲིད་ཇུས་ཀྱི་ཁོར་ཡུག་བཟང་བོ་གཏོད་དགོས། རྒྱལ་ཁབ་སོ་སོའི་གྲོས་ཚོགས་མནའ་འབྲེལ་དང་ལ་ཏིང་མེ་གླིང་གི་གྲོས་ཚོགས་སོགས་ཕྱོགས་མང་གི་གྲོས་ཚོགས་རྩ་འཛུགས་ཁྲོད་མཉམ་ལས་དམ་ཟབ་བྱེད་དགོས།

ལི་ཀྲན་ཧྲུའུ་ཡིས་བཤད་རྒྱུར། ཝུ་ར་ཀུའེ་ཡི་སྲིད་ཏང་གཙོ་བོ་དང་ཀྲུང་གོ་གུང་ཁྲན་ཏང་བར་གྱི་མཛའ་མཐུན་འགྲོ་འོང་བྱེད་ཀྱིན་ཡོད་དེ། ཉེ་སྔོན་འཚོགས་པའི་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མགོ་ཁྲིད་མི་སྣའི་དབུ་ཚོགས་ནང་ཞུགས་པ་དེས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་རྨང་གཞི་ཟབ་མོ་མཚོན་གྱིན་ཡོད། ཝུ་ར་ཀུའེ་སྲིད་ཏང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བར་བཀའ་དྲིན་ཞུ། བྱེད་སྟངས་སྣ་ཚོགས་ལ་བརྟེན་ནས་སྲིད་སྐྱོང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་ཉམས་མྱོང་བརྗེ་རེས་བྱེད་འདོད་ཡོད། 

ཨ་ཞིས་མོང་གིས་བསྟན་དོན། ཝུ་ར་ཀུའེ་ཡིས་ཀྲུང་གོ་དང་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱས་ནས། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་འདོད་ཡོད། ཀྲུང་གོས་ཝུ་ར་ཀུའེ་ཡི་རིམས་ནད་འགོག་རྒོལ་དང་ཝུ་ར་ཀུའེ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཕུལ་བའི་བྱས་རྗེས་ལ་ཐུགས་རྗེ་ཆེ་ཞུ། རྒྱལ་ཁབ་གཉིས་པོའི་ཁྲིམས་འཛུགས་སྒྲིག་གཞིའི་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་བརྒྱབ་ནས་སྲོལ་རྒྱུན་གྱི་མཛའ་བརྩེ་གཏིང་ཟབ་ཏུ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་པའི་རེ་བ་ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།