ཀྲུང་གོ་བོད་ཀྱི་དྲ་བ།

ལོ་སྟོད་དུ་རང་རྒྱལ་གྱིས་མཁར་གྲོང་གི་སྡེ་ཁུལ་རྙིང་བ་ཁྲི3.64གསར་དུ་བསྒྱུར་བཀོད་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་པུའུ་ནས་རྒྱུས་ལོན་པ་ལྟར་ན། ས་གནས་སོ་སོའི་བསྡོམས་རྩིས་དང་ཡར་ཞུ་བྱས་པའི་གནས་ཚུལ་ཕྱོགས་སྡོམ་བྱས་པ་བརྒྱུད། ད་ལོའི་ཟླ1པོ་ནས་ཟླ6པའི་བར་རྒྱལ་ཡོངས་སུ་མཁར་གྲོང་གི་སྡེ་ཁུལ་རྙིང་བ་ཁྲི3.64གསར་དུ་བསྒྱུར་བཀོད་བྱེད་མགོ་བརྩམས་པ་དང་། དེས་ལོ་འཁོར་གྱི་དམིགས་ཚད་ལས་འགན་གྱི67.5%ཟིན་པ་དང་། དེ་ཟླ5པའི་ཟླ་མཇུག་དང་བསྡུར་ན་བརྒྱ་ཆའི་ཚེག25.1འཕར་ཡོད་པ་རེད། དེའི་ཁྲོད་ལས་མགོ་རྩོམ་ཚད་ཅུང་མགྱོགས་པའི་ས་ཁུལ་དུ་ཧོ་པེ(100%)དང་། ལིའོ་ཉིན།(99.6%)ཧྲན་ཏུང་།(96.9%)ཧྲང་ཧའེ།(93.0%)ཀུའེ་ཀྲོའུ།(92.6%)ཅང་སུའུ།(91.8%)བཅས་ཡོད། 

མཁར་གྲོང་གི་སྡེ་ཁུལ་རྙིང་བ་བསྒྱུར་བཀོད་བྱེད་པ་ནི་དམངས་འཚོའི་ལས་གཞི་དང་འཕེལ་རྒྱས་ལས་གཞི་གལ་ཆེན་ཞིག་ཡིན། 《མཁར་གྲོང་གིས་སྡེ་ཁུལ་རྙིང་བའི་བསྒྱུར་བཀོད་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ལྟར་ན། 2022ལོར་སླེབས་སྐབས་མཁར་གྲོང་གི་སྡེ་ཁུལ་རྙིང་བའི་བསྒྱུར་བཀོད་ལམ་ལུགས་ཀྱི་སྒྲོམ་གཞི་དང་། སྲིད་ཇུས་མ་ལག བྱ་བའི་ལམ་སྲོལ་བཅས་ཕལ་ཆེར་གྲུབ་རྒྱུ་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་མཇུག་ཏུ་སླེབས་སྐབས་ས་གནས་སོ་སོའི་དོན་དངོས་དང་ཟུང་འབྲེལ་བྱས་ནས2000ལོའི་ལོ་མཇུག་གོང་མཁར་གྲོང་གི་སྡེ་ཁུལ་རྙིང་བ་བསྒྱུར་བཀོད་བྱེད་དགོས་པའི་ལས་འགན་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་བར་འབད་བརྩོན་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།