ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་རྩྭ་ཐང་སྐྱེ་ཁམས་ཀྱི་གནས་ཚུལ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་རྩྭ་ཐང་སྲུང་སྐྱོབ་ཉམས་གསོ་ལས་གཞིའི་སྐུལ་ཁྲིད་འོག 2020ལོར། རྒྱལ་ཡོངས་སུ་རྩྭ་འདེབས་པའི་རྒྱ་ཁྱོན་མུའུ་ཁྲི4245ལེགས་འགྲུབ་བྱས་པ་དང་རྒྱལ་ཡོངས་ཀྱི་རྩྭ་ཐང་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད56.1%ལ་སླེབས་པ་དེ2011ལོ་ལས་བརྒྱ་ཆའི་ཚེས5.1ཇེ་མཐོར་སོང་། རྒྱལ་ཡོངས་ཀྱི་གཙོ་གནད་རང་བྱུང་རྩྭ་ཐང་གི་ཆ་སྙོམས་ཕྱུགས་རིགས་ཀྱི་ཤོང་ཚད་ལས་བརྒལ་ཚད10.0%མར་ཆག་པ་དེ2011ལོ་ལས་བརྒྱ་ཆའི་ཚེག17.9མར་ཆག་ཡོད། རྒྱལ་ཡོངས་སུ་རྩྭ་སོས་པ་ཐོན་ཚད་ཏུན་དུང་ཕྱུར11.13ལ་སླེབས་པ་དང་། རྩྭ་ཐང་གི་སྐྱེ་ཁམས་གནས་ཚུལ་མུ་མཐུད་དུ་ཇེ་ལེགས་སུ་ཕྱིན་པ་དང་ཐོན་སྐྱེད་ནུས་པ་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད། 

རྗེས་མར། རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུའུ་དང་ས་གནས་ཀྱི་རིམ་པ་སོ་སོའི་ནགས་ཚལ་དང་རྩྭ་ཐང་སྡེ་ཚན་གྱིས་གྲོན་ཆུང་སྔོན་ལ་འཛིན་པ་དང་སྲུང་སྐྱོང་སྔོན་ལ་འཛིན་པ། རང་བྱུང་སླར་གསོ་བཅས་གཙོ་བོར་འཛིན་པའི་བྱེད་ཕྱོགས་གཞིར་བཟུང་སྟེ། རྩྭ་ཐང་སྲུང་སྐྱོང་དང་ཉམས་གསོའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་རྩྭ་ཐང་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱས་ནས། རྩྭ་ཐང་སྲུང་སྐྱོང་དང་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་བྱ་བར་སྐུལ་འདེད་གཏོང་བ། རྩྭ་ཐང་ལུགས་མཐུན་ངང་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྩྭ་ཐང་གི་སྐྱེ་ཁམས་གནས་ཚུལ་ཇེ་ལེགས་སུ་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།