ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ཐེ་གོའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་དང་གྲོས་ཁང་ཞོལ་མའི་གྲོས་དཔོན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་དང་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་ཉི་ཤུ་ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་བརྙམ་ལམ་བརྒྱུད་དེ། ཐེ་གོའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་དང་གྲོས་ཁང་ཞོལ་མའི་གྲོས་དཔོན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ཁྲོན་ལིས་ཕའེ་དང་གྲོས་མོལ་བྱས།

ལིས་ཀྲན་ཧྲུའུ་ཡིས་བཤད་རྒྱུར། ཀྲུང་གོ་དང་ཐེ་གོ་ནི་ཁྱིམ་ཚང་གཅིག་ལྟ་བུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཐེ་གོའི་འགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག་ཏུ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་ཆུ་ཚད་མཐོན་པོ་རྒྱུན་འཁྱོངས་བྱས། ཀྲུང་གོ་དང་ཐེ་གོ་ནི་གྲོགས་པོ་བཟང་བོ་དང་ཁྱིམ་མཚེས་བཟང་བོ་ཡིན་པར་མ་ཟད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གལ་ཆེན་གཉིས་ཀྱང་ཡིན། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་འབྲེལ་བས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བསུ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐེ་གོ་ཕྱོགས་དང་ལྷན་དུ་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་དང་མཉམ་ལས་གཉིས་རྒྱལ་ལ་ཐབས་ཇུས་བཀོད་ནས། ཕྱོགས་གཉིས་ཀའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཐེ་གོའི་རྒྱལ་ཚོགས་དང་ལྷན་དུ། ཕྱོགས་གཉིས་ཀའི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད།

ཁྲོན་ལིས་ཕའེ་ཡིས་བསྟན་དོན། ཐེ་གོས་ཀྲུང་གོའི་སྲོལ་རྒྱུན་མཛའ་བརྩེ་ཟབ་མོར་གཅེས་སྐྱོང་གནང་གིན་ཡོད་ཅིང་། ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་རྦད་ཆོད་བྱེད་ཀྱིན་ཡོད། ཐེ་གོས་ཀྲུང་གོའི་གྲུབ་འབྲས་ལ་ཁ་མིག་ཡར་ལྟ་བྱེད་ཀྱིན་ཡོད་པར་མ་ཟད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུས་པ་ཡིན། དེ་བཞིན་ཐེ་གོའི་རྒྱལ་ཚོགས་ཀྱིས་ཀྱང་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་འདོད་ཡོད།

ཀྲང་ཁྲུན་ཞན་ཐེངས་འདིའི་གྲོས་མོལ་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།