ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཞོད་འགོག་མྱུར་སྐྱོབ་བྱ་བར་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞོད་འགོག་མྱུར་སྐྱོབ་བྱ་བར་མཛུབ་སྟོན་གལ་ཆེན་གནང་། 

ཞི་ཅིན་ཕིང་གིས་བསྟན་དོན། ཉེ་ཆར། ཧི་ནན་སོགས་ས་གནས་སུ་བསྟུད་མར་ཆར་བ་དྲག་པོ་བབས་པ་དང་། ཀྲིན་ཀྲོའུ་སོགས་གྲོང་ཁྱེར་དུ་ཆུ་ལོག་རྒྱུགས་ཤིང་། ཆུ་བོ་ཁ་ཤས་ཀྱི་ཆུའི་རྟགས་ཚད་ལས་བརྒལ་ཞིང་། ཆུ་མཛོད་ཁ་ཤས་ཀྱི་ཆུ་རགས་ཤོར་བ་དང་། ལྕགས་ལམ་འགྲུལ་སྐྱེལ་མཚམས་འཇོག་པ་དང་། མཁའ་འགྲུལ་ཡང་མཚམས་བཞག་ཏེ། མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་ཚབས་ཆེན་བཟོས་ཤིང་། ཞོད་འགོག་གནས་བབ་ཛ་དྲག་ཏུ་གྱུར་ཡོད་ཅེས་བསྟན། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་སྐབས་ཞོད་འགོག་གནད་འགག་གི་དུས་སྐབས་སུ་སླེབས་ཡོད་ཅིང་། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་ཨང་དང་པོར་བཞག་ནས། བཀོད་འདོམས་བྱེད་པ་དང་སྟོབས་ཤུགས་རྩ་འཛུགས་བྱས་ཏེ་ཞོད་འགོག་མྱུར་སྐྱོབ་བྱས་པ་དང་། གནོད་ཐེབས་མང་ཚོགས་བདེ་སར་བཀོད་སྒྲིག གནོད་འཚེ་ཡང་བསྐྱར་མི་འབྱུང་བར་འགོག་སྲུང་ནན་མོ་བྱས་ནས། མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུད་ཇེ་ཆུང་རུ་བཏང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་ས་གནས་ལ་རོགས་རམ་བྱས་ཏེ་གནོད་སེལ་བྱ་བ་སྒྲུབ་དགོས། རྒྱལ་ཁབ་ཞོད་འགོག་སྤྱི་ཁྱབ་ལས་ཁུངས་དང་། འཕྲལ་བསྟུན་དོ་དམ་པུའུ། ཆུ་བེད་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་བཅས་ཀྱིས་གཅིག་གྱུར་མཐུན་སྦྱོར་དང་། གནོད་འཚེའི་ཉེན་ཁའི་རྩད་ཞིབ་ཤུགས་དྲག་ཏུ་བཏང་ནས། རྨང་གཞི་སྒྲིག་ཆས་ཀྱི་བདེ་འཇགས་སྲུང་སྐྱོང་ལ་ཤུགས་སྣོན་དང་། ཆར་བ་དང་དྲག་རླུང་། ཆུ་ལོག འདམ་ཟེགས་སོགས་ཀྱི་སྔོན་བརྡའི་ཆུ་ཚད་མཐོ་རུ་བཏང་སྟེ། འགྲིམ་འགྲུལ་ཤར་གཏོང་གི་ཤུགས་ཚད་ཆེ་རུ་གཏོང་བ་དང་། ཞོད་འགོག་མྱུར་སྐྱོབ་བྱེད་ཐབས་ཞིབ་ཚགས་སུ་གཏོང་དགོས་ཞེས་བསྟན།   །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།