ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཀྲན་ཧྲུའུ་ཡིས་ཐེ་ལན་རྒྱལ་ཁབ་རྒྱལ་ཚོགས་ཀྱི་ཀྲུའུ་ཞིའམ་གྲོས་ཁང་འོག་མའི་གྲོས་དཔོན་ཁྲོན·ལི་ཕའེ་དང་གྲོས་མོལ་གནང་།

    སྤེལ་དུས། : 2021-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས20ཉིན། རྒྱལ་ཡོངསདམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་བརྙན་ལམ་ནས་ཐེ་ལན་རྒྱལ་ཁབ་རྒྱལ་ཚོགས་ཀྱི་ཀྲུའུ་ཞིའམ་གྲོས་ཁང་འོག་མའི་གྲོས་དཔོན་ཁྲོན·ལི་ཕའེ་དང་གྲོས་མོལ་གནང་། 

ལི་ཀྲན་ཧྲུའུ་ཡིས་བཤད་རྒྱུར། ཀྲུང་ཐེ་ཁྱིམ་ཚང་གཅིག་ལྟར་བརྩེ། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཉིད་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་མཐོན་པོའི་སྒོ་ནས་འཁོར་སྐྱོད་བྱས་ཤིང་དམིགས་བསལ་གྱི་མཛའ་བརྩེ་སྔར་བས་ཇེ་ཟབ་ཏུ་ཕྱིན། གྲོགས་པོ་བཟང་བོ་དང་ཁྱིམ་མཚེས་འགྲིག་པོ། ས་ཁུལ་གཅིག་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གལ་ཆེན་བཅས་ཡིན་པའི་ཆ་ནས། ཀྲུང་གོ་དང་ཐེ་ལན་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་འཕྲད་ཡོད། ཀྲུང་གོས་ཐེ་ལན་དང་མཉམ་དུ་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས་མཉམ་ལས་གཉིས་ཕན་མཉམ་དུ་དོན་གཉེར་བྱེད་པ་དང་། རིམས་ནད་རྗེས་ཀྱི་ཁྱབ་ཁོངས་སོ་སོའི་འགྲོ་འོང་མཉམ་ལས་འཆར་འགོད་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱས་ཏེ། ཕྱོགས་གཉིས་པོའི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། 

ལི་ཀྲན་ཧྲུའུ་ཡིས་བསྟན་དོན། ཀྲུང་ཐེའི་འབྲེལ་བར་རྨང་གཞི་ཧ་ཅང་བརྟན་པོ་ཡོད། མཉམ་ལས་སྔར་བས་ཇེ་ཟབ་ཏུ་གཏོང་རྒྱུ་ནི་དུས་ཀྱི་འཁོར་ཕྱོགས་དང་མི་སེམས་གཏད་ཕྱོགས་ཡིན་པས། རྟིང་ཤུགས་ཧ་ཅང་ཆེན་པོ་ཡོད། ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་རྒྱབ་སྐྱོར་དང་མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་ཏེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་ཞིང་དོ་ཁུར་ཆེ་བའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཡོད། རྒྱུན་མཐུད་ངང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མཉམ་ལས་བྱེད་པ་དང་། “རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོན་པོས་མཉམ་དུ་སྐྲུན་པ། “རྒྱུད་གཅིག་ལམ་གཅིག”གི་གྲོས་མགོ་དང“ཐེ་ལན4.0” “ཤར་རྒྱུད་དཔལ་འབྱོར་བར་ཁྱམས”སོགས་ཀྱི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཏེ། སྤྱི་ཚོགས་རིག་གནས་ཀྱི་འབྲེལ་འདྲིས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། ཕྱོགས་མར་སྙོམ་སྒྲིག་ལ་ཟམ་མི་ཆད་པར་ཤུགས་སྣོན་དང་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ནས། གོ་ལ་ཧྲིལ་བོའི་བཅོས་སྐྱོང་ལ་སྐུལ་འདེད་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ལས་དབང་གཅིག་མཐུན་འདུས་གྲུབ་ལ་སྐུལ་འདེད་གཏོང་དགོས། 

ཟླ7པའི་ཚེས20ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་བརྙན་ལམ་ནས་ཐེ་ལན་རྒྱལ་ཁབ་རྒྱལ་ཚོགས་ཀྱི་ཀྲུའུ་ཞིའམ་གྲོས་ཁང་འོག་མའི་གྲོས་དཔོན་ཁྲོན·ལི་ཕའེ་དང་གྲོས་མོལ་གནང་། 

ལི་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཐེ་ལན་གྱི་རྒྱལ་ཚོགས་དང་མཉམ་དུ་ཕྱོགས་གཉིས་པོའི་འབྲེལ་འདྲིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཀྲུང་ཐེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་སྔར་བས་ཆེ་བ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་པོས་བྱ་ཐབས་སྣ་མང་བརྒྱུད་དེ་སྣ་མང་གི་འབྲེལ་འདྲིས་བྱས་ཏེ་རྒྱལ་སྲིད་སྐྱོང་ལུགས་དང་། ཁྲིམས་འཛུགས། ལྟ་སྐུལ་སོགས་ཐད་ཀྱི་ཉམས་མྱོང་ཕན་ཚུན་དཔྱད་གཞིར་བཟུང་ཆོག ཕྱོགས་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་ཕན་པའི་བཅའ་ཁྲིམས་ཡིག་ཆར་དུས་ཐོག་ཏུ་ཆོག་མཆན་དང་བཟོ་བཅོས་བརྒྱབ་ནས། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་སྔར་བས་སྲ་ཞིང་བརྟན་པའི་བཅའ་ཁྲིམས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས། རྒྱལ་ཁབ་སོ་སོའི་གྲོས་ཚོགས་མནའ་འབྲེལ་དང་ཨེ་ཤ་ཡའི་གྲོས་ཚོགས་སོགས་ཕྱོགས་མང་ནང་རྐྱེན་ཁྲོད་འབྲེལ་འདྲིས་དང་མཐུན་སྦྱོར་དམ་ཟབ་བྱེད་དགོས།

ལི་ཀྲན་ཧྲུའུ་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུས་པའི་གནས་ཚུལ་ངོ་སྤྲོད་གནང་། ཁོང་གིས་བཤད་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་གོང་དུ་བཀུར་བའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ནས། རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱས་ཤིང་། ཀྲུང་གོས་བཅོས་སྐྱོང་གི་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་སྒོ་དབྱེ་བསྟུན་མཁས་ཀྱི་མཉམ་ལས་རྣམ་པ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོས་ཐེ་ལན་དང་སྲིད་ཏང་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་བརྒྱབ་ནས་རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྔར་ལས་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་འདོད་ཡོད།

ཁྲོན·ལི་ཕའེ་ཡིས་ཐེ་ལན་གྱིས་བསྟན་དོན། ཀྲུང་གོའི་སྲོལ་རྒྱུན་མཛའ་བརྩེ་ཟབ་མོར་བརྩི་མཐོང་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་ལག་ལེན་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཐེ་ལན་གྱིས་ཀྲུང་གོར་ཐོབ་པའི་གྲུབ་འབྲས་ལ་དོ་ཁུར་དང་ཡིད་སྨོན་བྱེད་ཀྱིན་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ། ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཁྲོད་ཐེ་ལན་ལ་རྒྱབ་སྐྱོར་གལ་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ། ཐེ་ལན་རྒྱལ་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་མཛའ་བརྩེའི་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་།རིམས་ནད་སྔོན་འགོག སྤྱི་ཚོགས་རིག་གནས་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་ཁྲིམས་འཛུགས་སྒྲིག་གཞིའི་བྱས་རྗེས་འཇོག་པར་སྐུལ་འདེད་གཏོང་འདོད་ཡོད། 

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཀྲང་ཁྲུན་ཞན་གྲོས་མོལ་ལ་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།