ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཚོགས་ལ་རྟོག་ཞིབ་གནང་སྟེ་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལི་ཁེ་ཆང་གིས་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཚོགས་ལ་རྟོག་ཞིབ་གནང་སྟེ་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་སྐབས་ཚན་རིག་གི་སྙིང་སྟོབས་དར་སྤེལ་བཏང་བ་དང་། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ཅིང་བཅོས་བསྒྱུར་ལ་སྐུལ་སྤེལ་བཏང་ནས་སྔར་ལས་ལྷག་པའི་སྒོ་ནས་ཚན་ཞིབ་མི་སྣའི་གསར་གཏོད་གསོན་ཤུགས་རྒྱས་སུ་འཇུག་དགོས་ཞེས་བསྟན། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས19ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཚོགས་ལ་རྟོག་ཞིབ་གནང་ཞིང་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད།

 ཟླ7པའི་ཚེས19ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཚོགས་ལ་རྟོག་ཞིབ་གནང་སྟེ་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད།

ད་ལོ་ནི་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ལྷན་བཙུགས་ནས་ལོ་འཁོར35ལོན་པའི་ལོ་ཡིན། ལི་ཁེ་ཆང་གིས་ཐེབས་རྩ་ཨུ་ལྷན་གྱིས་བཅོས་བསྒྱུར་ལ་བརྟེན་ནས་ཚན་ཞིབ་མི་སྣའི་རྣམ་གྲངས་རེ་ཞུའི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་གནས་ཚུལ་གྱི་སྙན་ཞུར་གསན། ཁོང་གིས་བཤད་རྒྱུར་ཐེབས་རྩ་ཨུ་ལྷན་བཙུགས་པ་དེས་ཚན་རྩལ་ཐོན་ཁུངས་བཀོད་སྒྲིག“འཆར་གཞི་བགོ་བཤའ”ནས“འགྲན་རྩོད་ལེགས་འདེམས”བར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་མཚོན་ཡོད། ཚན་རྩལ་གསར་གཏོད་ནི་འཆར་གཞི་ལས་བྱུང་བ་མིན་པར། རྒྱུན་མཐུད་ངང་བཅོས་་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་། རྣམ་གྲངས་དཔྱད་ཞིབ་ལམ་སྲོལ་དང་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་བ། ཚན་ཞིབ་མི་སྣར་རྨང་གཞིའི་ཞིབ་འཇུག་ནང་ཞུགས་པའི་བློ་སྟོབས་ལྡན་ཞིང་ངང་རྒྱུད་རིང་པོས་ཞུགས་པར་སྐུལ་མ་གཏོང་བ། སྣོལ་འདྲེས་ཚན་རིག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། ཐེབས་རྩ་ཨུ་ལྷན་གྱི་ནུས་པ་གལ་ཆེན་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་པ་བཅས་བྱས་ཏེ། མ་དངུལ་རྩ་ཆེན་གྱིས་ཚན་རིག་ཞིབ་འཇུག་ལ་རྒྱབ་སྐྱོར་སྔར་ལས་ནུས་ལྡན་བྱེད་དུ་འཇུག་དགོས།

བཞུགས་མོལ་ཚོགས་འདུའི་སྟེང་ཐེབས་རྩ་ཨུ་ལྷན་གྱི་འགན་ཁུར་བས་སྙན་ཞུ་ཕུལ། ཧོང་རུའུ་དང་ཧུང་ཡུང་མིའོ། ཧྥེང་ཞའེ། ཀའོ་རུའེ་ཕིང་། ཏོའུ་ཞན་ཁང་། ཏིང་ལེ་ཡུན། དབྱང་ཞུའེ་མིང་། ཁྲེན་ཧྥ་ཧུའུ། ཀྲང་ཞུའེ་མའེ་སོགས་ཆེད་མཁས་པས་གཏམ་བཤད་གནང་། ལི་ཁེ་ཆང་གིས་འབྲེལ་ཡོད་སྡེ་ཁག་ལ་ཚང་མའི་བསམ་འཆར་དང་གྲོས་མགོར་ཞིབ་འཇུག་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན། ཁོང་གིས་བཤད་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག འབྲེལ་ཡོད་ཕྱོགས་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དང་། རྒྱ་ཆེའི་ཚན་རྩལ་ལས་དོན་པས་འབད་འབུངས་ཡར་བརྩོན་བྱས་ཏེ་རང་རྒྱལ་གྱི་ཚན་རྩལ་གསར་གཏོད་ལ་རྒྱུན་ཆད་མེད་པར་ཚད་བརྒལ་གསར་བ་ཡོང་བར་སྐུལ་འདེད་བཏང་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བླང་བྱ་དོན་འཁྱོལ་བྱས་ཏེ། རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་ཁྲོད་ཀྱི་གསར་གཏོད་ཀྱི་ལྟེ་བའི་གནས་བབ་མཐའ་འཁྱོངས་བྱེད་པ་དང་། བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་བརྒྱུད་སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་གསར་བསྐྲུན་གྱི་ཧུར་སེམས་སྔར་བས་འཕེལ་བར་བྱས་ཤིང་། ཚན་རྩལ་གྱི་གྲུབ་འབྲས་དེ་བས་མང་བ་བླངས་ནས་རྒྱལ་ཁབ་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས། 


 ཟླ7པའི་ཚེས19ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཚོགས་ལ་རྟོག་ཞིབ་གནང་སྟེ་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད། 

ལི་ཁེ་ཆང་གིས་བསྟན་དོན། དེང་སྐབས་རྒྱལ་སྤྱིའི་ཁོར་ཡུག་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་དང་། རང་རྒྱལ་གྱི་ཚན་རྩལ་འཕེལ་རྒྱས་ལ་ཞན་ཆ་མི་ཉུང་བ་ཡོད་པས། ཐོན་ལས་ལག་རྩལ་མང་པོར་དཀའ་ཁག་འཕྲད་པ་དེ་གཙོ་བོ་གདོད་མའི་གསར་གཏོད་ཉམས་ཞན་ལ་ཐུག་ཡོད། རྨང་གཞིའི་ཞིབ་འཇུག་ནི་གདོད་མའི་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། ཚན་རྩལ་དང་ཐོན་ལས་འཕེལ་རྒྱས་ཀྱི“ཁང་བརྩེགས”བསྐྲུན་པའི་རྨང་རྡོ་ཡིན། རང་རྒྱལ་གྱིས་ངེས་པར་དུ་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་ཆེན་པོ་རྒྱག་དགོས་པའི་གནད་འགག་གི་སྐབས་སུ་སླེབས་ཡོད་པས། དོན་དངོས་ལ་གཞི་ཚུགས་ནས་གོ་སྐབས་གཏན་ནས་ཤོར་མི་རུང་། དགོས་གཏུགས་ཀྱི་བསམ་པ་ཆེ་རུ་གཏོང་བ་དང་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་དམིགས་ཏེ། རྨང་གཞིའི་ཞིབ་འཇུག་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་ཚན་རིག་གི་སྙིང་སྟོབས་དར་སྤེལ་གཏོང་བ། དངོས་ཐོག་བདེན་འཚོལ་བྱེད་པ། ཆོས་ཉིད་ལ་བརྩི་འཇོག་བྱེད་པ་བཅས་མཐའ་འཁྱོངས་བྱེད་དགོས། ཚན་རིག་ཞིབ་འཇུག་མི་སྣར་བློ་རྩེ་གཅིག་སྒྲིམ་ངང་ཚན་རིག་ཞིབ་འཇུག་བྱས་ཏེ་རེ་འདོད་མི་ཚིམ་པ་དང་ཕམ་ཉེས་ལ་མི་སྐྲག་པར་སྐུལ་ལྕག་བྱེད་དགོས། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཏེ“ལོ་བཅུའི་ནང་རལ་གྲི་གཅིག་བརྡར་བའི”སྙིང་རུས་ཀྱིས་བློ་རྩེ་གཅིག་ཏུ་གཞོལ་ནས་ཚན་རྩལ་གྱི་ཡང་རྩེར་འཛེག་དགོས། 

ལི་ཁེ་ཆང་གིས་བཤད་རྒྱུར། ནོར་སྲིད་ཀྱིས་རྨང་གཞིའི་ཞིབ་འཇུག་ལ་མ་དངུལ་གཏོང་ཤུགས་བརྟན་བརླིང་ངང་ཆེ་རུ་བཏང་སྟེ། ཁྲལ་འབབ་ཡར་སྐུལ་སོགས་ཀྱི་བྱེད་ཐབས་ཀྱིས་ཁེ་ལས་ཀྱིས་རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་བྱེད་པའི་ཧུར་སེམས་སྐོང་འཐེན་བྱས་ནས། ཐོན་ལས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་རྨང་གཞིའི་རིགས་གཞུང་གི་གནད་དོན་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་དགོས། ཆེད་དོན་མ་དངུལ་བཏོན་ནས་ཚན་ཞིབ་མི་སྣར་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་གྲལ་ཁྱབ་ཁོངས་ཀྱི་གནད་དོན་གལ་ཆེན་འདོན་པ་དང་། རྒྱུན་མཐུད་ངང་ཞིབ་འཇུག་གཏིང་ཟབ་བྱ་རྒྱུར་སྐུལ་མ་གཏོང་དགོས། སློབ་གྲྭའི་གྲངས་དངོས་རྫས་གསུམ་གྱི་སློབ་མ་སོགས་རྨང་གཞིའི་རིག་གཞུང་ཚན་ཁག་གི་སློབ་གསོའི་ཆུ་ཚད་མཐོ་རུ་བཏང་ནས། རྨང་གཞིའི་ཞིབ་འཇུག་ཤེས་ལྡན་པ་སྔར་བས་མང་བ་གསོ་སྐྱོང་བྱེད་དགོས། ཐབས་ལམ་མང་པོར་བརྟེན་ནས་ཕུལ་བྱུང་ཤེས་ལྡན་མི་སྣ་ནང་འདྲེན་བྱས་ཏེ་རྨང་གཞིའི་ཞིབ་འཇུག་ཆུ་ཚད་མཐོ་འདེགས་བྱེད་པར་སྐུལ་འདེད་གཏོང་དགོས།

ལི་ཁེ་ཆང་གིས་བཤད་རྒྱུར། ཚན་རྩལ་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་སྒྲིག་སྲོལ་ལམ་སྲོལ་གྱི་འགོག་རྐྱེན་བསལ་ནས་ཚན་རྩལ་ཁྱབ་ཁོངས་ཀྱི“གློད་དམ་ཞབས་གསུམ”གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་དགོས། ནོར་སྲིད་ཀྱི་ཚན་རིག་ཞིབ་འཇུག་ལས་གཞིའི་སྔོན་རྩིས་བཟོ་འགོད་དང་ཞིབ་དཔྱད་གོ་རིམ་སྟབས་བདེ་བཟོ་བ་དང་། སྔོན་རྩིས་སྙོམ་སྒྲིག་དང་། གྲོན་དངུལ་གཏོང་སྒོའི་ཚད་གཞི་གཏན་འབེབས་བྱེད་པ། འཕྲེད་ཕྱོགས་གྲོན་དངུལ་དོ་དམ་བྱེད་པ་སོགས་ཀྱི་དབང་ཚད་ལུགས་མཐུན་གྱིས་གཤམ་སྤྲོད་བྱ་དགོས། གཞན་བརྒྱུད་ཀྱི་འགྲོ་གྲོན་དང་ལས་རྗེས་གཏོང་སྒོའི་བསྡུར་ཚད་མཐོ་རུ་གཏོང་དགོས་པ་དང་། ལྷག་པར་དུ་གྲངས་དངོས་རྫས་སོགས་གཞུང་ལུགས་ཀྱི་རྨང་གཞིའི་ཞིབ་འཇུག་རྣམ་གྲངས་ལྷད་མེད་ངང་མཐོ་རུ་གཏོང་དགོས། ལས་རྗེས་གཏོང་སྒོ་དང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་ཕན་འབྲས་བགོ་བཤའ་སོགས་ཀྱི་དོ་དམ་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས། ཤེས་ལྡན་མི་སྣར་ཚད་མཐོའི་མཐོང་ཆེན་བྱས་ཏེ་འཐབ་ཇུས་ཀྱི་དགོས་མཁོ་གལ་ཆེན་དང་ཚན་རིག་གསར་ཤོས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་ཚན་རིག་པས་ཞིབ་འཇུག་བྱ་གཞི་དང་ཚོགས་པ། འགྲོ་གྲོན་བཅས་རང་འགུལ་ངང་གཏན་འཁེལ་བྱས་ཆོག ཚན་རིག་ཞིབ་འཇུག་གི་གྲོན་དངུལ་ལྟ་སྐུལ་དོ་དམ་གསར་གཏོད་བྱས་ཏེ་ཕན་འབྲས་ཕྱོགས་སྟོན་དུ་འཛིན་རྒྱུ་འབུར་དུ་ཐོན་པ་དང་། བརྒྱུད་རིམ་གལ་ཆེན་ནས་གྲུབ་འབྲས་ལ་སྣང་ཆེན་བྱེད་པའི་ཕྱོགས་སུ་འགྱུར་ལྡོག་གཏོང་དགོས།

ལིའུ་ཧོ་དང་ཞའོ་ཅེ། ཧོ་ལི་ཧྥུང་བཅས་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།