ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས《དམག་དཔུང་དང་མང་ཚོགས་བྱ་བའི་གཏན་འབེབས》དཔར་འགྲེམ་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས《དམག་དཔུང་དང་མང་ཚོགས་བྱ་བའི་གཏན་འབེབས》དཔར་འགྲེམ་བྱས་པ་དང་། 2021ལོའི་ཟླ8པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན།《གཏན་འབེབས》ལས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་གྱི་བསམ་བློ་དང་། མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་དང་། གཡུལ་འཐབ་ལས་རྒྱལ་ཁ་ལེན་པ། དམག་དོན་དང་ཆབ་སྲིད། དམག་དོན་དང་མང་ཚོགས་མཐུན་སྒྲིལ་བྱས་ཏེ། ཁྱོན་ཡོངས་ནས་དུས་རབས་གསར་བའི་དམག་དཔུང་མང་ཚོགས་བྱ་བ་ཚད་ལྡན་དུ་གཏོང་དགོས།

《གཏན་འབེབས》ལ་ཁྱོན་བསྡོམས་ལེའུ8དང་ཚན་པ43ཡོད་ཅིང་། སྲོལ་རྒྱུན་དང་བཅོས་བསྒྱུར་གསར་གཏོད་གཉིས་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་དང་། དམག་དཔུང་དང་མང་ཚོགས་བྱ་བའི་གོ་དོན་གཏན་འཁེལ་དང་། མཛུབ་སྟོན་རྩ་དོན། རྩ་བའི་ལས་འགན། ཆབ་སྲིད་ལ་བརྩི་བཀུར་དང་དམངས་ལ་གཅེས་བ་ཚད་ལྡན་དུ་གཏོང་བ། དཔལ་འབྱོར་སྤྱི་ཚོགས་འཛུགས་སྐྲུན་ཁྲོད་ཞུགས་པ། དམངས་དམག་གིས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་སོགས་ཀྱི་བྱ་བའི་ཁྲོད་ཞུགས་ནས། དམག་འཐབ་ཞིབ་ཚགས་དང་། དམག་དོན་སྦྱོང་བརྡར།འཐབ་འཛིང་མ་ཡིན་པའི་དམག་དོན་བྱ་འགུལ་ཁྲོད་ཀྱི་མང་ཚོགས་བྱ་བ་ལག་བསྟར་གྱི་གཙོ་གནད་ཞིབ་ཚགས་སུ་བཏང་སྟེ། དམག་དཔུང་དང་མང་ཚོགས་ཀྱི་སྒྲིག་ཁྲིམས་བླང་བྱ་གཟབ་ནན་བྱེད་དགོས། དམག་དཔུང་མང་ཚོགས་བྱ་བའི་འབྲེལ་འདྲིས་ས་གནས་དང་། མང་ཚོགས་ལ་ཁ་ཕྱོགས་པའི་དགེ་མཚན་འདོན་སྤེལ་བྱས་ཏེ། ས་གནས་ཀྱི་དམག་དཔུང་ལ་རྒྱབ་སྐྱོར་བྱེད་པའི་དམག་སྦྱོང་དང་གྲ་སྒྲིག་འཐུས་ཚང་དུ་བཏང་སྟེ། གཉིས་བཀུར་དཔེ་སྟོན་བྱ་བའི་སྒྲིག་སྲོལ་གསར་སྐྲུན་བྱེད་དགོས།  །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།