ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གི《ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད》ཀྱི་སྐད་རིགས་མང་པོའི་དེབ་རྐྱང་མ་པར་སྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚང་ཞིབ་འཇུག་ཁང་གིས་ལོ་ཙཱ་བྱས་པའི་ཞི་ཅིན་ཕིང་གི《ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད》ཀྱི་ཨུ་རུ་སིའི་སྐད་དང་ཧྥ་རན་སི། སི་ཕན་ཡ། ཨ་རབ། འཇར་པན། འཇར་མན་སྐད་བཅས་སྐད་རིགས་དྲུག་གི་དེབ་རྐྱང་མ་ཉེ་ཆར་ཀྲུང་དབྱང་ཡིག་བསྒྱུར་རྩོམ་སྒྲིག་པར་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས། 

ཞི་ཅིན་ཕིང་གི《ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད》ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་རིང་ལ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་རླབས་ཆེ་བའི་བགྲོད་ལམ་སྟེང་བསྐྱོད་པ་དང་། རླབས་ཆེ་བའི་ལས་དོན་གསར་སྐྲུན་བྱས་ཏེ། རླབས་ཆེ་བའི་གྲུབ་འབྲས་བླངས་ཤིང་། ལོ་ངོ་བརྒྱ་ཕྲག་གཅིག་གི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་བར་བསྒྲགས་གཏམ་སྤེལ་བ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་དང་རྒྱུན་འཁྱོངས་བྱས་ནས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཀྱི་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་ཐད་མདུན་དུ་བསྐྱོད་པའི་ཆོད་སེམས་བསྒྲགས་ཤིང་། ལོ་རྒྱུས་ཉམས་མྱོང་དུ་བྱས་ནས། མ་འོངས་པའི་རྩ་བའི་བླང་བྱ་གསར་སྐྲུན་བྱེད་པར་ཞིབ་བརྗོད་བྱས། གསུང་བཤད་གལ་ཆེན་དེའི་སྐད་རིགས་མང་པོའི་དེབ་རྐྱང་མ་པར་སྐྲུན་འགྲེམ་སྤེལ་བྱས་པ་དེས། རྒྱལ་ཁབ་ཕྱི་ནང་གི་ཀློག་པ་པོས་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་འོད་སྟོང་འབར་བའི་མདུན་བསྐྱོད་ཀྱི་ལམ་བུ་དང་རླབས་ཆེན་གྲུབ་འབྲས་ལ་རྒྱུས་ལོན་བྱེད་པར་རོགས་རམ་ཐུབ་པ་དང་། རླབས་ཆེ་བའི་ཏང་འཛུགས་སྙིང་སྟོབས་གྲུབ་ཅིང་། ཀྲུང་གོ་ཅན་གྱི་དེང་རབས་ཅན་གྱི་བགྲོད་ལམ་གསར་བ་དང་། མིའི་རིགས་ཀྱི་དཔལ་ཡོན་གྱི་རྣམ་པ་གསར་བ་གསར་སྐྲུན་བྱས་ནས། ཞི་བདེ་དང་། འཕེལ་རྒྱས། དྲང་བདེན། དྲང་བཞག  དམངས་གཙོ། རང་མོས་ཀྱི་མིའི་རིགས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་སོགས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།