ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཁྲུའུ་ཡིས་མཉམ་འབྲེལ་གསལ་བསྒྲགས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉིས་སྟོང་ཉེར་གཅིག་ལོའི་ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་སྐུ་ཞབས་ཨེ་ཧྭ་མའེ་ཏི་ཀའེ་ཐི་ཡིས་ཨཱ་ལ་མིན་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཡི་འགན་གཅིག་ལྕོགས་སུ་ཁུར་མཁན་ཝང་དབྱི་ལ་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་ཀས་ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བ་དང་། དེ་མིན་ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་ཐད་བསམ་ཚུལ་བརྗེ་རེས་གང་ལེགས་བྱས། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་དྲུང་ཡིག་ཁྲུའུ་ཡིས་དྲུང་ཡིག་ཆེན་མོ་ཀའེ་ཐི་ཡི་འགོ་ཁྲིད་འོག་ཏུ། ཨེ་ཤ་ཡ་དབུས་ཤར་ས་ཆའི་ཞི་བདེ་སྲུང་སྐྱོབ་དང་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཨ་རབ་རྒྱལ་ཁབ་ཡོངས་ཀྱི་མཐུན་སྒྲིལ་རང་སྟོབས་ལ་སྐུལ་འདེད་གཏོང་བའི་ཐད་འབད་འབུངས་ཆེན་པོ་བྱེད་ཀྱིན་པར་བསྔགས་བརྗོད་བྱས་པ་དང་། ཨ་རབ་དྲུང་ཡིག་ཁྲུའུ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཕྱི་འབྲེལ་པུའུ་ཡིས་ཕྱི་འབྲེལ་ལས་སྒོ་འབད་པས་སྤེལ་བར་བཀའ་དྲིན་ཆེ་ཞུས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡ་དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་མངོན་འགྱུར་ཡོང་བར་འབད་འབུངས་གང་ལེགས་བྱས་པར་བསྟོད་བསྔགས་བྱས། ཕྱོགས་གཉིས་ཀས་ཀྲུང་གོ་དང་ཨ་རབ་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་མཉམ་ལས་ཆུ་ཚད་ཇེ་མཐོར་གཏོང་བ། སོ་སོས་སེམས་ཁུར་བྱེད་པའི་གནད་དོན་སྟེང་ཕན་ཚུན་རོགས་འདེགས་དང་རྒྱབ་སྐྱོར་བྱས་པར་ཡིད་ཚིམ་པའི་ཚུལ་བསྟན་པར་མ་ཟད། འཐབ་ཇུས་འབྲེལ་བ་བཟང་བོ་འདིར་མུ་མཐུད་ཤུགས་སྣོན་རྒྱུ་དང་། ཀྲུང་གོ་དང་ཨ་རབ་མི་དམངས་ཀྱི་ཐུན་མོང་ཁེ་ཕན་ལ་ཞབས་འདེགས་ཞུ་རྒྱུའི་ཚུལ་བསྟན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།