ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་མང་པོའི་མི་སྣས་ཞི་ཅིན་ཕིང་གི་ཨེ་ཤ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་འགོ་ཁྲིད་པའི་དངོས་གཞི་མ་ཡིན་པའི་ཚོགས་འདུའི་སྟེང་གི་གསུང་བཤད་ལ་གདེང་འཇོག་ཚད་མཐོན་པོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་མང་པོའི་མི་སྣས་བཞེད་དོན། རིམས་ནད་འགོག་སྡོམ་སྔར་བཞིན་ཛ་དྲག་ཆེ་ལ་འཛམ་གླིང་གི་དཔལ་འབྱོར་སླར་གསོ་གཉོམ་ཞན་ཆེ་བའི་དུས་སྐབས་འདིར། ཀྲུའུ་ཞི་ཞི་ཅིན་ཕིང་ཨེ་ཤ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་འགོ་ཁྲིད་པའི་དངོས་གཞི་མ་ཡིན་པའི་ཚོགས་འདུར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་བ་དེས། ས་ཁུལ་དང་འཛམ་གླིང་ཡོངས་ཀྱིས་མཐུན་སྒྲིལ་རྡོག་རྩ་དམ་པོའི་ངང་ནས་རིམས་འགོག་བྱེད་རྒྱུ་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་བྱེད་པ་ལ་ཡིད་ཆེས་ཆེན་པོ་དང་སྒུལ་ཤུགས་བླ་མེད་བསྩལ།

རྒྱལ་ཁབ་མང་པོའི་མི་སྣས་བཞེད་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་ཁྲོད་བཏོན་པའི་ཚན་རྩལ་གསར་གཏོད་ཀྱི་གོ་སྐབས་ཁོང་དུ་ཆུད་པར་བྱེད་དགོས་ཞེས་པས་ང་ཚོར་བག་ཆགས་ཟབ་མོ་སྟེར་ལ། ལག་རྩལ་གསར་པའི་ཁྱབ་སྤེལ་དང་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་ནི་ཨེ་ཤ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་འཛམ་གླིང་གི་དཔལ་འབྱོར་མཉམ་ལས་ལ་སྒུལ་ཤུགས་འཛད་མེད་སྟེར་ཐུབ།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།