ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཨེ་ཤ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་བཅུ་དྲུག་ཉིན་གྱི་དགོང་མོ་གདན་དྲངས་པ་ལྟར་པེ་ཅིང་དུ་བརྙན་ལམ་བརྒྱུད་ནས་ཨེ་ཤ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་བབ་སྔར་བཞིན་ཚབས་ཆེ་བས། རིམས་ནད་འགོག་སྡོམ་གནས་སྟངས་སྔར་ལས་ཛ་དྲག་ཆེ། དུས་མཚུངས་སུ། ཞི་བདེ་དང་འཕེལ་རྒྱས་ནི་སྔར་བཞིན་དུས་རབས་ཀྱི་བརྗོད་དོན་ཡིན། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་བསྣན་ཏེ། མཉམ་དུ་འགྲན་རྩོད་ཅི་རིགས་ལ་ཁ་གཏད་འཇལ་རྒྱུའི་འབོད་སྒྲ་སྔར་བཞིན་དྲག་པོ་ཡིན། ང་ཚོས་ན་ནིང་ཨེ་ཤ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཉིས་སྟོང་བཞི་བཅུ་ལོའི་བསམ་འདུན་ལ་གྲོས་འཆམ་བྱུང་སྟེ། ཨེ་ཤ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཐུན་མོང་ཚོགས་པའི་དམིགས་འབེན་བཏོན། ཨེ་ཤ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ནི་འཛམ་གླིང་དཔལ་འབྱོར་འཕར་སྣོན་ལ་ངེས་པར་མཁོ་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན། མགྱོགས་མྱུར་ངང་རིམས་ནད་ལས་རྒྱལ་ཏེ་དཔལ་འབྱོར་སླར་གསོ་ཡོང་བར་བྱས་ནས། འཛམ་གླིང་གི་དཔལ་འབྱོར་སླར་གསོའི་ལས་དོན་ལ་སྐུལ་འདེད་གཏོང་དགོས། གཅིག་ནས་རིམས་འགོག་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་དགོས། གཉིས་ནས་ས་ཁོངས་དཔལ་འབྱོར་གཅིག་གྱུར་ཅན་གཏིང་ཟབ་ཏུ་གཏོང་དགོས། གསུམ་ནས་དཀྱེལ་ཡངས་དང་རྒྱུན་མཐུད་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས། བཞི་ནས་ཚན་རྩལ་གསར་གཏོད་གོ་སྐབས་དམ་འཛིན་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་བསྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་དེ། ཆུ་ཚད་མཐོ་ལ་སྒོ་འབྱེད་རྣམ་པའི་དཔལ་འབྱོར་གྱི་ལམ་ལུགས་གསར་པ་འཛུགས་འཆར་ཡོད་ལ། འགུག་ཤུགས་ཆེ་བའི་ཚོང་གཉེར་ཁོར་ཡུག་སྔར་ལས་ལེགས་པོ་བསྐྲུན་རྒྱུ་ཡིན་པར་མ་ཟད། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཨེ་ཤ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རྒྱལ་ཁབ་སོ་སོ་དང་ལྷན་དུ་སྔར་ལས་རོགས་རེས་གཉིས་ཕན་མངོན་འགྱུར་ཡོང་བར་འབད་འབུངས་བྱེད་ཀྱིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།